སྲིད་སྐྱོང་བློ་བཟང་སེངྒེ་ལ་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་མཉམ་འབྲེལ་ཚོགས་པས་སྣེ་ལེན་ཞུས་ཡོད་ཅིང་། སྐབས་དེར་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཕེབས་ནས་བོད་དོན་ལ་རྒྱབ་སྐྱོར་མ་བྱས་ན་འཛམ་གླིང་གི་གནད་དོན་གང་གི་ཐད་ལའང་རྒྱབ་སྐྱོར་བྱ་རྒྱུའི་བཟང་སྤྱོད་ཀྱི་འགན་ཁུར་མེད་པ་ཆགས་ཀྱི་རེད་ཅེས་ནན་བརྗོད་གནང་འདུག གཟའ་ཟླ་བའི་ཉིན་སྲིད་སྐྱོང་ཨ་རིའི་རྒྱལ་སར་ཕེབས་ཡོད་པ་དང་གྲོས་ཚོགས་ཀྱི་འཐུས་མི་དང་གྲོས་ཚོགས་ཀྱི་རྒྱ་ནག་ཉམས་ཞིབ་ཁང་གི་འགན་འཛིན་སོགས་ལ་མཇལ་འཕྲད་གནང་ནས་བོད་དོན་སྲིད་ཇུས་གསར་པ་གཏན་འབེབས་བྱེད་ཕྱོགས་ལ་རྒྱབ་སྐྱོར་འཚོལ་ཡོད་པའི་སྐོར། འདི་གའི་ལས་བྱེད་པ་བསོད་ནམས་དབྱངས་འཛོམས་ཀྱིས་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།