ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཏྲི་པུ་རཱ་མངའ་སྡེའི་ནང་སྲིད་བློན་ཆེན་རྡ་སར་ཕེབས་འབྱོར།


༄༅།། རྒྱ་གར་བྱང་ཤར་ཏྲི་པུ་རཱ་མངའ་སྡེའི་ནང་སྲིད་བློན་ཆེན་རམ་པྲ་ས་ཏ་ཕོལ་ཕྱི་ཚེས་༡༡་ཉིན་ཏེ། རེས་གཟའ་ཟླ་བའི་ཞོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་གྲོས་ཚོགས་དང་ཕྱི་དྲིལ་ལྷན་ཁང་སོགས་སུ་འཚམས་གཟིགས་སུ་ཕེབས་ནས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྒྲུབ་ཕྱོགས་དང་བོད་དོན་སོགས་ཀྱི་ཐད་བཀའ་མོལ་གནང་ཡོད་ཅིང་། སྐབས་དེར་སྐུ་ཞབས་ཕོལ་གྱིས་རང་ཉིད་སྔོན་ཆད་བོད་དོན་ལ་རྒྱུས་མངའ་དེ་ཙམ་མེད་ཀྱང་ད་རེས་ཀྱི་གོ་སྐབས་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ལམ་ལུགས་དང་ལས་དོན་སྒྲུབ་ཕྱོགས་ཁག་ཅིག་ཤེས་རྟོགས་བྱུང་སོང་ཞེས་གསུངས་འདུག་པར་མ་ཟད། རྒྱ་གར་དང་བོད་གཉིས་ལ་ཆོས་དང་རིག་གཞུང་གི་འབྲེལ་བ། བོད་ཀྱི་འཐབ་རྩོད་དང་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཅི་ཡོད་སོགས་བཀའ་སྡུར་བྱུང་འདུག དེ་རིང་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སིངྒ་པུར་གྱི་དད་ལྡན་ཁག་ཅིག་དང་རྒྱ་གར་གྱི་མཐོ་རིམ་དམག་དཔོན་ཞིག་གི་སྐུ་འཁོར་བཅས་ལའང་མཇལ་ཁ་སྩལ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG