ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་སྐྱོང་གཞིས་ཆགས་ཁག་ཅིག་ལ་འཚམས་གཟིགས་སུ་ཕྱོགས་ཕེབས།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཕྱི་ཚེས་༨་ནས་རྒྱ་གར་དབུས་ཕྱོགས་ཀྱི་བོད་པའི་གཞིས་ཆགས་ཁག་གསུམ་ལ་གཞུང་འབྲེལ་མཚམས་གཟིགས་ཐོག་མ་དེར་ཕེབས་ཡོད་ཅིང་། འདས་པའི་ཉིན་གཉིས་ཀྱི་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་ས་གནས་དེའི་དགོན་པ་གྲྭ་ཚང་ཁག་དང་སློབ་གྲྭ དེ་བཞིན་རྒན་གསོ་ཁང་དང་འཕྲོད་བསྟེན་སྡེ་ཁག་སོགས་སུ་གཟིགས་ཞིབ་གནང་འདུག དེ་རིང་ཚེས་༡༡་ཉིན་སྲིད་སྐྱོང་མཆོག་མན་པ་ཊི་ཕན་བདེ་གླིང་དུ་ཕེབས་ཡོད་པ་དང་དེ་ནས་བྷན་ཌ་ར་ནོར་རྒྱས་གླིང་ལ་ཕེབས་འཆར་ཡོད་པའི་སྐོར། ཨ་རི་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG