ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་ན་གཞོན་ཚོར་བཀའ་སློབ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་ཡུལ་གྲུ་ཁག་གི་ན་གཞོན་ཁག་ཅིག་ལ་མཇལ་ཁ་སྩལ་བའི་སྐབས་དེར་ཕྲུ་གུ་ཞིག་ལ་ང་ཚོའི་མི་རབས་འདི་དཀའ་ངལ་མང་པོ་ཞིག་བརྒྱུད་དགོས་བྱུང་ཡོད་པ་རེད། མ་འོངས་པར་ཁྱེད་རང་ཚོའི་མི་རབས་འདིས་ཞི་བདེ་དང་དྲང་བདེན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པའི་རེ་བ་ཡོད། དེ་བཞིན་གོ་ལའི་སྟེང་གི་མི་འབོར་ཕྱུར་༧༠་ཡོད་པ་དེ་དག་ལ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་འཇིག་རྟེན་འདིར་དོན་དམ་གྱི་ཞི་བདེ་ཞིག་བསྐྲུན་རྒྱུར་ང་རང་ཚོ་མི་རེ་ངོ་རེར་འགན་འཁྲི་ཡོད་པ་ཞིག་རེད་ཅེས་མི་ཚེའི་རྒྱུད་རིམ་ཁྲོད་དུ་བསམ་བློ་ཇི་ལྟར་གཏོང་དགོས་མིན་གྱི་ལམ་སྟོན་བཀའ་སློབ་ཟབ་མོ་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG