ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།


༄༅།། ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་༢་པའི་ཚེས་༨་ཉིན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཁག་གསལ་བསྒྲགས་གནང་ཡོད་ཅིང་། ད་ལོ་འབྲུག་ཡུལ་ཕུད་པའི་རྒྱལ་ཁབ་ཁག་༢༥་ནང་དུ་བོད་པ་༨༢༩༦༩་ཡིས་ཐོ་འགོད་དེབ་སྐྱེལ་བྱས་པ་དེ་དག་གི་གྲས་ཀྱི་དངོས་སུ་མི་༦༣༧༠༢་འོས་ཤོག་འཕངས་ཡོད་པར་མ་ཟད། བཙན་འབྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ནང་དུ་འོས་ཤོག་འཕེན་མཁན་གྱི་བརྒྱ་ཆ་མཐོ་ཤོས་སུ་གྱུར་འདུག སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་དེ་ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་༣་པའི་ཚེས་༢༡་ཉིན་བྱ་རྒྱུ་ཡིན་འདུག དེའི་བར་དུ་འོས་བསྡུའི་མཚན་གཞུང་དུ་འཁོད་ཡོད་པ་ཁག་དང་ཕྱོགས་གཏོགས། མང་ཚོགས་བཅས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་དང་གཏམ་བཤད་སོགས་གཏན་ནས་སྤེལ་མི་ཆོག་པའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་སོགས་ཀྱིས་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གནས་རོགས་གནང་།།


XS
SM
MD
LG