ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གི་ལོ་གསར་གྱི་གསུང་འཕྲིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༧གོང་ས་མཆོག་གི་ལོ་གསར་གྱི་གསུང་འཕྲིན།

༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གནམ་ལོ་གསར་དུ་བཞད་པའི་སྔ་ནུབ་དེར་གཞིས་བྱེས་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ལ་ལོ་གསར་པའི་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་འདུག དེ་ཡང་བླ་མ་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཐེག་ཆེན་འཛིན་སྐྱོང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་༢་པའི་ཚེས་༨་ཉིན་༧གོང་ས་མཆོག་གིས་དྲྭ་ལམ་དུ་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་གནང་བའི་སྐབས་དེར་རིང་མིན་བཞད་ལ་ཉེ་བའི་ལྕགས་གླང་གནམ་ལོ་གསར་པའི་དུས་སུ་བོད་གཞིས་བྱེས་གཉིས་སུ་གནས་འཁོད་རྒྱ་ཆེའི་མང་ཚོགས་ལ་ཐུགས་བརྩེ་བ་ཆེན་པོས་འཚམས་འདྲི་དང་ལོ་གསར་པའི་ནང་དུ་བསམ་བློ་ཁྱེར་ཕྱོགས་ཅི་འདྲ་ཞིག་དགོས་པ་སོགས་ལ་ལམ་སྟོན་གནང་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་ལུས་མི་དམངས་ཀྱི་དད་པ་དང་དམ་ཚིག་ལ་གཡོ་བ་མེད་ཅིང་། ད་ལྟའི་དུས་སྐབས་སུ་བོད་མི་རིགས་དང་ཧི་མ་ལ་ཡའི་མི་རིགས་ཁག་གཅིག་པུ་མིན་པར་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་རྒྱ་ནག་པ་སོགས་ཀྱིས་ཀྱང་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ནི་དཔལ་ནཱ་ལེནྡྲའི་ཆོས་རྒྱུད་དྲི་མ་མེད་པ་དེ་རེད། དེ་ནི་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་བརྟེན་ཡོད། བོད་ཀྱི་སྐད་ཡིག་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་ཞེས་བཀའ་སློབ་ནན་ཏན་གནང་ཡོད་པར་མ་ཟད། དེ་རིང་གི་གསུང་ཆོས་ཀྱི་སྐབས་སུ་༧གོང་ས་མཆོག་གིས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཆོག་གནང་སྟེ་དད་ལྡན་མང་ཚོགས་ལ་ལོ་གསར་པའི་ཕྱག་རྟགས་ཡིན་ཞེས་བཀའ་སློབ་གནང་འདུག

དེ་རིང་གི་ཆོས་འབྲེལ་གྲུབ་མཚམས་སུ་བཟོད་པ་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ནས་༧གོང་ས་མཆོག་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བླ་མ་བཟོད་པ་རིན་པོ་ཆེས་བསྟན་པའི་དོན་དུ་ཐུགས་འགན་བཞེས་པར་བསྔགས་བརྗོད་གནང་ཞིང་། དེ་རིང་གི་ཆེད་དུ་བྱ་བའི་འདུ་བྱ་རྣམས་ལའང་དུས་རྒྱུན་བཞིན་གསུང་ཆོས་ཀྱི་དུས་སུ་དོགས་གཅོད་ཞུ་བ་དང་བཀའ་དྲི་ཞུ་རྒྱུའི་གོ་སྐབས་གནང་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG