ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཐེ་ཝན་དང་ཧོང་ཀོང་གི་གནད་དོན་གླེང་སློང་།  


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ཐེ་ཝན་ལ་འཚམས་འདྲིར་བསྐྱོད་འཆར་ཡོད། ཨ་རིའི་སྐུ་ཚབ་དེ་སྤྱི་ཟླ་དང་པོའི་ཚེས་༡༣་ནས་ཚེས་༡༥་བར་དུ་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་ལ་ཕེབས་ནས་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག ཨ་རིས་ཐེ་ཝན་ལ་འཛིན་པའི་ཁྲིམས་ཡིག་དང་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་རྩ་འཛིན་ཆེན་མོ་དྲུག་ལ་སོགས་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ཁག་གཞིར་བཟུང་སྟེ་མ་འོངས་པར་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་གནས་བབ་མཐོ་རུ་གཏོང་བའི་ཤུགས་སྣོན་རྒྱག་རྒྱུའི་ལངས་ཕྱོགས་བརྟན་པོ་བཟུང་ཡོད་ཅེས་གླེང་སློང་བྱ་རྒྱུ་ཡིན་པར་མ་ཟད། སྤྱི་ཚེས་༡༤་ཉིན་ཨ་རིའི་སྐུ་ཚབ་ཀྱིས་ཐེ་ཝན་གྱི་ཕྱི་སྲིད་དང་རྒྱལ་སྤྱིའི་ལས་དོན་ཉམས་ཞིབ་ཁང་དུ་གཏམ་བཤད་བྱ་རྒྱུ། ཝན་གྱིས་རྒྱལ་སྤྱིའི་ཐོག་ཏུ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ལྡན་པའི་ལས་དོན་མང་དག་ཅིག་སྒྲུབ་ཡོད་པའི་གྲུབ་འབྲས་ཁག་གླེང་སློང་། མ་འོངས་པར་ཐེ་ཝན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་མཉམ་ཞུགས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་གལ་ཆེན་ཡིན་ཞེས་ནན་བརྗོད་བྱ་འཆར་ཡོད་པ་རེད།

ཉེ་ཆར་སྤྱི་ཟླ་དང་ཚེས་༦་ཉིན་གྱི་དགོང་དྲོར་ཨ་རི་དང་ཐེ་ཝན་གྱི་མཐོ་རིམ་འགོ་ཁྲིད་ཁག་ཅིག་གིས་ཕྱོགས་གཉིས་ཀྱི་དམག་དོན་ལ་གྲོས་མོལ་བྱས་ཤིང་། གྲོས་མོལ་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཆབ་སྲིད་དང་དམག་དོན་གྱི་འགན་ཁུར་བ་ཕྱི་སྲིད་དྲུང་ཆེའི་ལས་རོགས་ཀྱང་མཉམ་ཞུགས་བྱས་འདུག ཐེངས་དེའི་གྲོས་མོལ་ཧ་ཅང་ལམ་ལྷོངས་ལྡན་པ་ཞིག་བྱུང་སོང་ཞེས་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་རེས་གཟའ་ཕུར་བུའི་སྔ་དྲོར་གསལ་བསྒྲགས་སྤེལ་འདུག སྤྱིར་ཨ་རི་དང་ཐེ་ཝན་གཉིས་ཀྱིས་ལོ་ལྟར་དམག་སྲིད་ལས་དོན་ཐོག་ཏུ་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་ལོ་འདིའི་གྲོས་མོལ་དེ་ཉིད་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཡོངས་གྲགས་སུ་གསལ་བསྒྲགས་བྱས་པར་དམིགས་བསལ་གྱི་མཚོན་དོན་ཞིག་ཡོད་ཅིང་། འདི་ནི་ཨ་རིས་ཐེ་ཝན་ལ་འཛིན་པའི་འབྲེལ་བར་ཚད་མཐོའི་ངོས་ལེན་བྱས་པའི་མཚོན་རྟགས་ཤིག་རེད་ཅེས་ཐེ་ཝན་གྱི་སྲིད་དོན་དབྱེ་ཞིབ་པ་ཚོས་དཔྱད་བརྗོད་སྤེལ་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧོང་ཀོང་ས་གནས་གཞུང་གིས་ཉིན་གཅིག་ལ་མངའ་ཁུལ་དེའི་དམངས་གཙོ་དོན་གཉེར་བ་༥༣་འཛིན་བཟུང་བྱས་པ་ནི་ཧ་ཅང་ཡ་ང་བ་ཞིག་རེད། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་འཛིན་བཟུང་བྱས་པར་འབྲེལ་བ་ཡོད་པའི་མི་སྒེར་པ་དང་སྒྲིག་འཛུགས་ཁག་ལ་ཨ་མི་རི་ཀས་ཉེས་ཆད་གཅོད་རྒྱུ་ཡིན། ཧོང་ཀོང་ས་གནས་གཞུང་གིས་དམངས་གཙོ་དོན་གཉེར་བ་རྣམས་ཆ་རྐྱེན་མེད་པར་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་ཞུས་འདུག བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བ་༥༣་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཞིང་། ཁོ་ཚོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་སྔ་ལོ་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་སྔོན་འགྲོའི་འོས་བསྡུར་འབྲེལ་ཡོད་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཁོད་པ་ལྟར་ན། ན་ནིང་སྤྱི་ཟླ་༧་པའི་ནང་དུ་ཧོང་ཀོང་སློབ་ཆེན་གྱི་ཁྲིམས་རིག་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཟུར་པ་ཏཱ་ཡོ་ཐིན་གྱིས་གྲོས་མགོ་བཏོན་ཏེ་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཧོང་ཀོང་གྲོས་ཚོགས་ཀྱི་གདན་ཐོབ་༣༥་ཡན་ཟིན་དགོས་པའི་ལས་འགུལ་སྤེལ་བར་རྒྱ་ནག་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ནག་ཉེས་བཙུགས། ཧོང་ཀོང་ས་གནས་གཞུང་གིས་གཟའ་ལྷག་པའི་ཉིན་གྱི་ཞོགས་པར་ཉེན་རྟོག་པ་༡༠༠༠་བཏང་ནས་ཧོང་ཀོང་གི་དམངས་གཙོའི་ཕྱོགས་གཏོགས་ཀྱི་མི་སྣ་ཏཱ་ཡོ་ཐིན་དང་དམངས་གཙོ་ཚོགས་པའི་འགན་འཛིན་ཟུར་པ་ཧུའུ་ཀྲི་ཝེ་སོགས་མི་༥༣་སྲིད་གཞུང་མགོ་རྟིང་སློག་མཁན་གྱི་དོགས་གཞིའི་འོག་ཏུ་འཛིན་བཟུང་བྱས་འདུག འདི་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ལག་བསྟར་བྱས་ནས་ལོ་ཕྱེད་ཙམ་འགོར་བའི་རྗེས་སུ་དམངས་གཙོ་དོན་གཉེར་བ་རྣམས་སྡེབ་ཏུ་འཛིན་བཟུང་བྱས་པའི་གྲངས་ཀ་མང་ཤོས་ཡིན་པ་རེད།

ཧོང་ཀོང་གི་ཉེན་རྟོག་སྡེ་ཁག་རྒྱལ་ཁབ་བདེ་འཇགས་ཚན་པའི་འགོ་ཁྲིད་ལི་ཀོས་ཧྭས་གསར་འགྱུར་བརྒྱུད་ལམ་ལ་བཤད་པ་ལྟར་ན། ཉེ་ཆར་འཛིན་བཟུང་བྱས་པའི་མི་༥༣་གྱི་གྲས་སུ་སྐྱེས་པ་༤༥་དང་བུད་མེད་༨་ཡོད་འདུག ཁོ་ཚོ་ལོ་༢༣་ནས་༦༤་བར་ཡིན་ཞིང་། མི་དེ་ཚོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག ཁོ་ཚོའི་གྲས་ཀྱི་མི་༦་ནི་རྩ་འཛུགས་བྱེད་མཁན་དང་མི་༤༧་ནི་མཉམ་ཞུགས་བྱེད་མཁན་རེད་ཅེས་བཀོད། མི་དེ་ཚོས་གྲོས་ཚོགས་འཐུས་མིའི་སྔོན་འགྲོའི་འོས་བསྡུ་བྱས་པ་ནི་ཁྲིམས་འགལ་ཞིག་མིན། ཧོང་ཀོང་གི་གྲོས་ཚོགས་སུ་གདན་ཐོབ་༣༥་ཡོད་པའམ། ཡང་ན་དེ་ལས་མང་བ་འཐོབ་རྒྱུ། གྲོས་ཚོགས་སུ་གདན་ཐོབ་མང་བ་ཐོབ་རྗེས་ཧོང་ཀོང་གཞུང་གི་དངུལ་རྩིས་ཀྱི་འགྲོ་གྲོན་ཁག་ལ་ཆོག་མཆན་འགོད་རྒྱུ་མིན་པ། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་ལས་གནས་ནས་ཕུད་རྒྱུ། སྲིད་གཞུང་གི་འཛིན་སྐྱོང་མཚམས་འཇོག་བྱེད་དུ་འཇུག་རྒྱུ་སོགས་ཀྱི་ནག་ཉེས་ཡོད་ཚུལ་བརྗོད། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་༥༠་ལྷག་འཛིན་བཟུང་བྱས་པར་ཨ་རི་དང་ཡུ་རོབ་མཉམ་འབྲེལ། ཐེ་ཝན་བཅས་ཀྱི་སྲིད་དོན་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་པ་ཁག་གིས་ཀྱང་སྐྱོན་བརྗོད་ནན་མོ་བྱས་ཡོད་པ་རེད།།

XS
SM
MD
LG