ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཡུ་གུར་བའི་མི་འབོར་སྐོར་གྱི་སྙན་ཐོ་བཏོན་པ།


༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་མི་འབོར་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་དུ་གཞུང་གི་སྲིད་བྱུས་ལ་བརྟེན་ནས་ཡུ་གུར་བའི་བུད་མེད་རྣམས་ཁྱིམ་དུ་འཛུལ་ནས་ཕྲུ་གུ་སྐྱེས་མཁན་གྱི་འཕྲུལ་ཆ་ལྟ་བུ་ཞིག་མ་ཡིན་པར་བསམ་བློའི་ནུས་སྟོབས་ཆེ་རུ་བཏང་ཡོད་ཅེས་རང་གིས་རང་ལ་བསྟོད་བསྔགས་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ལོ་ཤས་སྔོན་ནས་ཞིན་ཅང་གི་ཡུ་གུར་བ་མང་པོ་ཞིག་བཀག་ཉར་བྱས་ཤིང་། ཡུ་གུར་བའི་བུད་མེད་ཚོར་བཀག་ཉར་ཁང་དུ་སྐྱེས་སྒོ་བཙན་འགོག་བྱེད་ཀྱི་ཡོད་པའི་བདེན་དཔང་ཇི་སྙེད་ཅིག་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG