ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་གསུམ་པ།


༄༅།། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་གོ་སྒྲིག་འོག ཕྱི་ཟླ་༦་པའི་ཚེས་༢༥ ནས་༢༧་བར་དུ་ཉིན་གསུམ་ལ་ཕྱི་ནང་གི་ཁོར་ཡུག་སྲུང་སྐྱོབ་མཁས་པ་སོགས་འབྲེལ་ཡོད་མི་སྣ་༡༨་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་དང་སྐྱེ་ཁམས་ཀྱི་གནས་སྟངས་གླེང་བའི་ཚོགས་ཆེན་ཐེངས་གསུམ་པ་དེ་དྲྭ་ལམ་དུ་ཚོགས་ཡོད་ཅིང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་ཉི་མ་གསུམ་གྱི་ཚོགས་ཆེན་དེའི་བརྗོད་གཞི་རྣམས་ངོ་སྤྲོད་གནང་འདུག

ཉི་མ་གསུམ་གྱི་ལྷན་ཚོགས་དེར་འཛམ་གླིང་གི་ཁོར་ཡུག་ཉམས་ཞིབ་མཁས་པ་དང་དམིགས་བསལ་སྐུ་མགྲོན་ཚོས་འདས་པའི་ལོ་བཅུ་ཕྲག་འགའ་ཞིག་ལ་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེ། དེ་བཞིན་བོད་མཐོ་སྒང་ངམ། འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་གནམ་གཤིས་ལ་འགྱུར་ལྡོག་མྱུར་དུ་ཐེབས་བཞིན་འདུག མ་འོངས་པར་འཛམ་གླིང་འདིར་དཀའ་ངལ་ཅི་ཞིག་འཕྲད་རྒྱུའི་ཉེན་ཚབས་སོགས་ལ་གྲོས་སྡུར་བྱས་ཤིང་། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་བོད་པའི་བདེ་དོན་གཅིག་པུ་མིན་པར་འགྲོ་བ་མི་དུང་ཕྱུར་༤༠་ལྷག་གི་འཚོ་རྟེན་ལ་འགྲེལ་བ་ཡོད་པ་རྣམས་ཞིབ་འཇུག་གི་སྙན་ཐོར་བཀོད་ནས་གསལ་བཀྲོལ་བྱས་འདུག ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་བོད་ནང་གི་ཁོར་ཡུག་ཉམས་ཆག་ཚབས་ཆེན་ཞིག་ཕོག་སྟེ་ཛ་དྲག་གི་དུས་ཤིག་ལ་བསླེབས་འདུག་ཅེས་བཀྲལ།།

ཁོང་གིས་ཐེངས་འདིའི་ལྷན་ཚོགས་ཐོག་ཏུ་འདས་པའི་ལོ་ལྔའི་རིང་བོད་ནང་གི་ཁོར་ཡུག་ལ་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཐེབས་ནས་ཚ་དྲོད་རྒྱས་ཀྱི་ཡོད་པར་མ་ཟད། ཆར་ཞོད་ཆེ་བ་དང་སྐམ་ས་མང་པོ་ཞིག་རློན་སར་གྱུར་ཏེ་བཞའ་ཚན་འཆགས། བོད་མཐོ་སྒང་གི་རང་བྱུང་ཁམས་ལ་སྔར་དང་མི་འདྲ་བའི་གནོད་འཚེ་འཕོག་གི་འདུག ང་ཚོས་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་དགོས། བོད་པ་ཚོ་རང་གི་ཕ་མེས་ཡང་མེས་ཀྱི་གྲང་ས་དེར་གནས་སྡོད་བྱེད་པའི་གོམས་གཤིས་ལ་འགྱུར་བ་གཏོང་དགོས་ཞེས་ལམ་སྟོན་བྱས་ཡོད་པ་སྟེ། ཁོང་གིས་ཞིས་ཅིན་ཕིང་གཙོས་རྒྱ་ནག་གི་ལས་སྣེ་ཚོས་འཛམ་གླིང་གི་ལྷན་ཚོགས་གང་སར་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་གླེང་སློང་བྱེད་ཀྱི་ཡོད་པ་ལྟར་བོད་ནང་གི་ཁོར་ཡུག་ལའང་ཁ་ཞེ་གཉིས་མེད་ཀྱིས་སྲུང་སྐྱོབ་བྱེད་གལ་ཆེ་ཞེས་ནན་སྐུལ་ཞུས། བོད་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་གསུམ་པར་མི་སྣ་གྲགས་ཅན་དང་གྲོས་ཚོགས་འཐུས་མི། ཆེད་ལས་པ་སོགས་རྒྱལ་ཁབ་བརྒྱད་ཀྱི་འཐུས་མི་རྣམས་མཉམ་ཞུགས་གནང་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ལ་ས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG