ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་བྱེད་མཁན་མང་པོ་ཞིག་འཛིན་བཟུང་།


༄༅།། ཨ་མི་རི་ཀའི་ཉེན་རྟོག་པ་ཚོས་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་སུ་དཔུང་འཛུལ་གྱིས་གཏོར་བཅོམ་བྱེད་མཁན་མང་དག་ཅིག་འཛིན་བཟུང་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་སྐབས་འདིར་མི་བཅུ་ཕྲག་འགའ་ཞིག་གཟའ་ཕུར་བུའི་ཉིན་འཛིན་བཟུང་བྱས་ཏེ་ཁྲིམས་ཁང་ལ་ཁྲིད་ནས་ཁྲིམས་གཅོད་བྱ་རྒྱུའི་ཆེད་དུ་དོ་དམ་བྱེད་ཆོག་པའི་ཆོག་མཆན་ཞུས་འདུག ཨ་རིའི་བདེ་འཇགས་དཔུང་དམག་གིས་གཏོར་བཅོམ་བྱེད་མཁན་ངོ་རྒོལ་བ་ཚོ་སྔོན་ནས་བཀག་འགོག་མ་བྱས་པ་སོགས་ལ་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཞིབ་འཇུག་གནང་འགོ་བཙུགས་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG