ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཕྱིར་བསྡུ།


༄༅།། ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་མུ་མཐུད་དུ་འགྲོ་བཞིན་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་༢༠༢༠་ལོའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཕྱིར་བསྡུ་བྱ་རྒྱུའི་ཐག་གཅོད་གནང་ཡོད་ཅིང་། ཐོག་མའི་འཆར་གཞི་ལྟར་ན་ཟླ་བ་རྗེས་མར་ཧྥུ་ལོ་རི་ཌ་མངའ་སྡེའི་ཇེཀ་སན་ཝྭིལ་གྲོང་ཁྱེར་དུ་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཚོགས་ཏེ་ཌོ་ནལ་ཊམ་སླར་ཡང་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་འདེམས་བསྐོ་བྱ་འཆར་ཡོད་མོད། འོན་ཀྱང་ད་ལྟའི་དུས་སྐབས་འདི་མི་ཚོགས་འདུ་འཛོམས་བྱེད་པའི་དུས་ཚོད་ཅིག་མ་རེད་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕབ་སྒྱུར་དངསྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG