ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་ལ་དད་པའི་སྤྲོ་བ་འཕེལ་བའི་ཚིག་ཕྲེང་གསོལ་འདེབས།


༄༅།། ༢༠༢༠་ལོའི་ཕྱི་ཟླ་༧་པའི་ཚེས་༦་སྟེ། རེས་གཟའ་ཟླ་བའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། མགོན་པོ་གང་ཉིད་ཀྱི་ཡོན་ཏན་དང་ཁྱད་པར་དུ་འགྲན་ཟླ་མེད་པའི་མཛད་པ་བཅས་ཀྱི་བཀའ་དྲིན་རྣམས་རྗེས་སུ་དྲན་ཞིང་། བསྟན་འགྲོ་སྤྱི་དང་མགོན་པོ་གང་ཉིད་ལ་དམིགས་བསལ་གྱི་ལས་འབྲེལ་ཡོད་པའི་བོད་གངས་ཅན་པ་རྣམས་ཀྱི་དོན་དུ་སྐུ་ཚེ་མི་ཤིགས་ཡུན་དུ་བརྟན་པའི་གསོལ་འདེབས་ཤིག་སྐུའི་གསུང་སྒྱུར་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ལྗགས་རྩོམ་གནང་བ་དེ་འཛམ་གླིང་གང་སར་གནས་འཁོད་བོད་པ་དང་བོད་རྒྱུད་ནང་བསྟན་གྱི་རྗེས་འབྲང་ཚོས་དུས་གཅིག་ལ་དྲྭ་ལམ་དུ་གསུང་འདོན་གནང་ཡོད་པའི་སྐོར། ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG