ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་དུ་འཛམ་གླིང་འཕྲོད་བསྟེན་ཉིན་མོར་སྲུང་བརྩི།


ཟླ་༤་པའི་ཚེས་༧་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་ཉིན་མོར་གཏན་འབེབས་བྱས་ཡོད་ཅིང་། འདི་ལོའི་བརྗོད་གཞི་ནི་འཛམ་གླིང་ཡོངས་ལ་ཆ་མཉམ་དང་དྲང་བདེན་སྐྲུན་དགོས་ཞེས་པ་ལྟར་བོད་མི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་འཕྲོད་བསྟེན་ཁུངས་ཀྱིས་དམིགས་བསལ་བོད་པ་ཆབ་སྲིད་བཙོན་ཟུར་དང་ཉམ་ཐག ཏོག་དབྱིབས་ནད་དུག་ཕོག་མཁན་ཚོར་མཐུན་རྐྱེན་འདྲ་མཉམ་སྦྱར་ཡོད་ཅེས་བརྙན་ཐུང་བརྒྱུད་ནས་གསུངས་བཤད་གནང་ཞིང་། ད་ལྟའི་ཆར་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར་བཞུགས་སྒར་རྡ་རམ་ས་ལའི་ཡུལ་སྐོར་བ་མང་པོ་ཞིག་གིས་ཁ་རས་གྱོན་གྱི་མེད་པས་ཀུན་ཕན་ནད་གསོ་ཁང་གིས་འཛམ་གླིང་འཕྲོད་བསྟེན་ཉིན་མོར་མི་མང་ལ་ཁ་རས་བཀྲམ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG