ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་དང་འཆལ་གཏམ།


༄༅།། སྲིད་སྤྱི་གཉིས་ཀྱིས་དངོས་གཞིའི་འོས་བསྡུ་བྱེད་པར་ཉིན་ཤས་ལས་མེད་པའི་སྐབས་འདིར་བཞུགས་སྒར་རྡ་རམ་སའི་སྲང་ལམ་ཁག་ཏུ་སྲིད་སྤྱི་གཉིས་ཀྱི་འོས་མི་ཚོས་རང་རང་གི་དྲིལ་བསྒྲགས་སྦྱར་ཡིག་རྣམས་འཚང་ཁ་ཤིག་ཤིག་སྦྱོར་གྱི་ཡོད་པར་མ་ཟད། སྤྱི་ཚོགས་དྲྭ་རྒྱའི་ནང་དུ་༢༠༢༡་ལོའི་རྒྱལ་དོན་མ་དངུལ་སྤྲད་མེད་ཚེ། དངོས་གཞིའི་འོས་བསྡུ་ཆེན་མོར་མཉམ་ཞུགས་བྱེད་མི་ཆོག་པའི་ཡིག་བསྐྱུར་ཞིག་བཀྲམ་ནས་རྡ་ས་ས་གནས་རང་བདེན་ཚོགས་ཆུང་གིས་ཡིག་ངག་གཉིས་ཐོག་ཏུ་སྤྱི་ཟླ་༣་ཚེས་༣༡་བར་དུ་རྒྱལ་དོན་མ་དངུལ་སྤྲད་ཡོད་ན་དངོས་གཞིའི་འོས་ཤོག་འཕེན་པར་བཀག་འགོག་མེད་པའི་གསལ་བཤད་བྱས་འདུག་ཅིང་། བོད་མི་ཁག་ཅིག་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གྲ་སྒྲིག་བྱེད་ཕྱོགས་ལ་བསམ་ཚུལ་མི་འདྲ་བ་བརྗོད་ཀྱི་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ།།

XS
SM
MD
LG