ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༣/༡༢
བོད།
མཚོ་སྔོན་གྱི་བོད་ས་ཁག་བཞི་ལ་རྒྱ་མི་ཇེ་མང་དུ་གཏོང་འཆར།
༡༨།༠༨།༢༠༢༠
མཚོ་སྔོན་གྱི་བོད་ས་ཁག་བཞི་ལ་རྒྱ་མི་ཇེ་མང་དུ་གཏོང་འཆར།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དང་རེབ་གོང་ཁུལ། ཡུལ་ཤུལ་ཁུལ་དང་ཁྲི་ཀ་རྫོང་བཅས་ས་ཁུལ་གསུམ་དང་རྫོང་གཅིག་གི་བོད་ས་ཁག་བཞི་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་འཆར་འགོད་བྱས་ནས་རྒྱ་རིགས་འབུམ་ཕྲག་མང་པོ་གནས་སྤོར་བྱེད་དུ་འཇོག་རྒྱུ་ཡིན་ཞིང་། མཚོ་ལྷོ་ཁུལ་ཐོག་ཏུ་རྒྱ་ནག་གི་ཅང་སུའུ་ཞིང་ཆེན་ནས་རྒྱ་རིགས་མང་པོ་ཞིག་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཚེས་༡༨་ཉིན་བོད་ནས་འདི་གར་མིང་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། མཚོ་ལྷོ་ཁུལ་ཐོག་ཏུ་རྒྱ་ནག་གི་ཅང་སུའུ་ཞིང་ཆེན་ནས་རྒྱ་རིགས་མང་པོ་ཞིག་འབྱོར་ཏེ་སྔོ་ཚོད་འདེབས་ལས་དང་ཚོང་ར་སྒོ་འབྱེད་སོགས་ཀྱི་ཚོང་ལས་གཉེར་འགོ་ཚུགས་བཞིན་པའི་སྐབས་རེད། གོ་ཐོས་ལྟར་ན་མཚོ་ལྷོ་ཁུལ་ཐོག་གཅིག་པུར་རྒྱ་རིགས་འབུམ་༤་ལྷག་གནས་སྤོར་བྱེད་དུ་འཇུག་རྒྱུ་རེད་ཅེས་གླེང་གི་ཡོད་ཀྱང་མིག་སྔར་རྒྱ་མི་འབུམ་༤་སླེབས་ཡོད་མེད་ནི་ཁ་ཚོན་གཅོད་དཀའ་བ་ཞིག་འདུག་ཅེས་བཤད།།
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ཡུལ་ཤུལ་ཁུལ་ཐོག་ཏུ་དེ་སྔ་ས་འགུལ་བརྒྱུགས་པའི་རྗེས་སུ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་ཏེ་རྣམ་པ་ཧ་ཅང་རྒྱ་ཆེན་པོར་བསྒྱུར་ཡོད་པ་དང་ཁུལ་ཐོག་གི་ཟ་ཁང་དང་མགྲོན་ཁང་ཆེན་པོ་རྣམས་ཀྱི་བདག་པོ་ཚང་མ་རྒྱ་རིགས་རེད། ཟ་ཁང་གི་ཞབས་ཞུ་བ་རྣམས་བོད་པ་ཡིན་པ་དང་ཡུལ་ཤུལ་ཁུལ་དུ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཏེ་ཡུན་རིང་མི་འགོར་པར་ས་ཆ་སྟོང་པ་ཡོད་ཚད་རྒྱ་རིགས་ཚོས་བདག་འཛིན་བྱ་སྲིད་པའི་ཉེན་ཁ་འདུག
མཚོ་ལྷོ་ཁུལ་ལ་མཚོན་ན་ཁོར་ཡུག་དང་འཛུགས་སྐྲུན་ཧ་ཅང་རྒྱ་ཆེན་པོ་བྱས་ཏེ་རྒྱ་སྐྱེད་གཏོང་གི་འདུག དཔེར་ན་སྒོ་མེ་ཞིང་ཁ་ཞེས་བའི་གྲོང་སྡེ་དེའི་གྲོང་མི་ཕལ་ཆེ་བའི་སྡོད་ཁང་དང་ཞིང་ས་ཚང་མ་རྒྱ་གཞུང་གིས་བསྡུས་ནས་བོད་པ་ཚོར་གུན་གསབ་དངུལ་སྒོར་ཅུང་ཟད་རེ་སྤྲད་འདུག་པར་མ་ཟད། ཁུལ་དེར་གཞུང་ལམ་གསར་པ་འཛུགས་སྐྲུན་དང་རྒྱ་སྐྱེད། ཐོག་བརྩེགས་ཅན་གྱི་ཁང་ཆེན་མང་པོ་འཛུགས་སྐྲུན་བྱས་དང་བྱེད་བཞིན་པའི་སྒང་རེད་། གྲོང་མི་ཚང་མར་རྒྱ་གཞུང་གིས་གུན་གསབ་དངུལ་སྒོར་ཅུང་ཟད་རེ་སྤྲད་པ་དེས་བཟའ་མི་ཚང་མའི་འཚོ་བ་འཁྱོལ་དཀའ་བའི་གནས་སུ་ལྷུང་ཡོད་ཅིང་། སྡོད་ཁང་དང་ས་ཞིང་ཚང་མ་མེད་པར་གྱུར་ཡོད་པས་མ་འོངས་པར་འཚོ་བའི་དམིགས་སྒོ་མེད་པར་དཀའ་ངལ་འཕྲད་རྒྱུ་རེད་ཅེས་བརྗོད།།
ཟླ་བ་སྔོན་མར་ཀྲུང་གོའི་བོད་ལྗོངས་ཞེས་བའི་གཞུང་འབྲེལ་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་སྟེ་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ། ཐུན་རིན་རྫོང་མེད་པར་བཏང་སྟེ་དེའི་ཚབ་ཏུ་རེབ་གོང་གྲོང་ཁྱེར་ཅན་དུ་བསྒྱུར་དགོས་ལུགས་བཀོད། རྒྱ་གཞུང་གིས་བོད་ས་ཁག་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་གོ་སྐབས་བཟུང་སྟེ་རྒྱ་རིགས་མང་པོ་བོད་ས་ཁག་ལ་གནས་སྤོར་བྱེད་དུ་བཅུག་སྟེ་བོད་པ་ཚོ་རང་ཡུལ་དུ་གྲངས་ཉུང་མི་རིགས་ལ་གྱུར་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་འཛིན་སྐྱོང་སྤེལ་གསུམ་ལ་དོ་ཕོག་གཏོང་རྒྱུ་རེད་ཅེས་སྐད་འཕྲིན་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གླེང་སློང་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
མཚོ་སྔོན་གྱི་བོད་ས་ཁག་བཞི་ལ་རྒྱ་མི་ཇེ་མང་དུ་གཏོང་འཆར།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:18
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
ལྷོ་ཁའི་གྲོང་གསེབ་པ་ཚོ་མཐའ་མཚམས་ལ་སྤོར་དུ་འཇུག་གི་ཡོད་པ།
བོད་པ་ཆབ་སྲིད་བཙོན་པ་ཞིག་དབང་པོ་སྐྱོན་ཅན་བཟོས་རྗེས་གློད་གྲོལ།
XS
SM
MD
LG