ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཟླ་བ། ༢༠༢༦/༠༢/༢༣
བོད།
ལྷོ་ཁའི་གྲོང་གསེབ་པ་ཚོ་མཐའ་མཚམས་ལ་སྤོར་དུ་འཇུག་གི་ཡོད་པ།
༡༧།༠༨།༢༠༢༠
ལྷོ་ཁའི་གྲོང་གསེབ་པ་ཚོ་མཐའ་མཚམས་ལ་སྤོར་དུ་འཇུག་གི་ཡོད་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ལྷོ་ཁའི་གྲོང་གསེབ་པ་ཚོ་མཐའ་མཚམས་ལ་སྤོར་དུ་འཇུག་གི་ཡོད་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:31
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་ནག་གཞུང་གིས་ལྷོ་ཁའི་རྫོང་སྡེ་ཁག་གི་གྲོང་གསེབ་མང་པོ་ཞིག་དབུལ་སྐྱོར་འཛུགས་སྐྲུན་གྱི་ལས་གཞི་ཟེར་བའི་མིང་བཏགས་ནས་རྒྱ་གར་དང་འབྲུག་གི་ས་མཚམས་ཁག་ལ་ཁང་པ་གསར་པ་བརྒྱབ་སྟེ་བཙན་དབང་གིས་གནས་སྤོར་བྱེད་དུ་བཅུག་ཡོད་ཅིང་། ད་དུང་ཡང་གྲོང་གསེབ་པ་མང་པོ་ཞིག་གནས་སྤོར་བྱེད་དུ་འཇུག་རྒྱུའི་འཆར་གཞི་འདུག དེ་ཡང་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱི་ཁོངས་ནས་མཚོ་སྣ་རྫོང་དང་ལྷོ་བྲག་རྫོང་། ལྷུན་རྩེ་རྫོང་དང་སྣ་དཀར་རྩེ་རྫོང་བཅས་ཀྱི་མི་མང་རྣམས་མཐའ་མཚམས་ཁག་ལ་གནས་སྤོར་བྱེད་དུ་འཇུག་གི་འདུག མང་ཤོས་ནི་ལོ་འདིའི་ཕྱི་ཟླ་༧་པར་མཚོ་སྣ་རྫོང་གི་གྲོང་གསེབ་༦༢་གནས་སྤོར་བྱེད་དུ་བཅུག་སོང་། ད་དུང་གྲོང་གསེབ་༣༠་ཐམ་པ་གནས་སྤོར་བྱེད་དུ་འཇུག་འཆར་འདུག དེ་ནས་ལྷུན་རྩེ་རྫོང་ཁུངས་ནས་མི་གྲངས་༦༠༠༠་ལྷག་གང་མགྱོགས་གནས་སྤོར་བྱེད་དུ་འཇུག་འཆར་འདུག་ཅེས་བཤད།།
རྒྱ་གཞུང་གིས་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་བཅུག་པའི་བོད་པ་ཚོས་མཐའ་མཚམས་སུ་འཚོ་བ་གསར་པ་ཞིག་འགོ་འཛུག་དགོས་པ་དང་གང་ཅིའི་ཐད་དུ་གོམས་འདྲིས་སུ་འགྱུར་དགོས་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་གླེང་སློང་འབྱུང་གི་འདུག མཐའ་མཚམས་ཀྱི་གྲོང་ཚོ་གསར་པ་དེ་ཚོར་དགོན་པ་དང་ལྷ་ཁང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་ཁོར་ཡུག་གང་ཡང་མེད་པས་རྒས་ཁོགས་རྣམས་ཡིད་སེམས་མ་ཆགས་པར་སྡོད་འདོད་གཏན་ནས་མི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་བཤད་བྱུང་། རྒྱ་ནག་གཞུང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། ས་མཚམས་ལ་གནས་སྤོར་བྱས་པའི་གྲོང་གསེབ་དེ་ཚོར་གཞུང་གིས་འཚོ་བའི་མཐུན་རྐྱེན་ཡག་པོ་བསྐྲུན་ཏེ་འཚོ་བ་སྔར་ལས་ཇེ་ཡག་ཏུ་ཕྱིན་ཡོད་པའི་ཁྱབ་བསྒྲགས་བྱེད་ཀྱི་འདུག གྲོང་གསེབ་དེ་ཚོ་མཐའ་མཚམས་ལ་སྤོར་དགོས་དོན་ནི་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་ཆེད་དུ་རེད་ཅེས་ཟེར་གྱི་འདུག
ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མཐོ་ཤོས་ཝུ་དབྱིན་ཅི་དང་ལྷོ་ཁ་གྲོང་ཁྱེར་གྱི་འགོ་ཁྲིད་མཐོ་ཤོས་གཉིས་མཐའ་མཚམས་ཀྱི་གྲོང་གསེབ་ཁག་ལ་ལྟ་སྐོར་དུ་ཕྱིན་ནས་མང་ཚོགས་ཀྱིས་མཐའ་མཚམས་སྲུང་སྐྱོབ་ཡག་པོ་བྱ་དགོས་ཞེས་གཏམ་བཤད་བྱས་འདུག རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་ཁག་སྟེ། ལྷོ་ཁ་དང་ལྷུན་རྩེ་སོགས་ཀྱི་གྲོང་ཚོ་གནས་སྤོར་གྱིས་རྒྱ་དཀར་ནག་དང་འབྲུག་བཅས་ཀྱི་མཐའ་མཚམས་ཁག་སྲུང་སྐྱོབ་བྱེད་ཀྱི་ཡོད། ད་ལྟ་གནས་སྤོར་ཟིན་པའི་བོད་པ་དེ་དག་གི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཏེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་གྲལ་དུ་ཚུད་ཡོད་པར་མ་ཟད། མི་འགྱངས་བར་ལྷོ་ཁ་དང་ལྷུན་རྩེ་རྫོང་ཁོངས་ཀྱི་མི་ ༦༠༠༠་ལྷག་ས་མཚམས་སུ་གནས་སྤོར་བྱ་རྒྱུའི་ཆར་གཞི་ཡོད། ད་ཆ་མཐའ་མཚམས་ཀྱི་ཡུལ་མི་གནས་སྤོར་ཟིན་པ་ཚས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་ཀྱི་བརྟན་ལྷིང་ཆེད་དུ་ཟླ་བ་གཅིག་གི་ཉི་མ་ལྔ་དྲུག་རེར་མཐའ་མཚམས་སུ་སྤྱི་ལེ་༡༠༠་ལྷག་ལ་སྐོར་སྐྱོད་ཀྱིས་མཐའ་མཚམས་སྲུང་སྐྱོབ་ལ་རམ་འདེགས་བསྒྲུབ་ཀྱི་ཡོད་ཅེས་བཀོད།།
དེ་བཞིན་བོད་ལྗོངས་དྲྭ་བ་ཞེས་པར་ལོ་འདིའི་ཕྱི་ཟླ་༤་པའི་ཚེས་༡༥་དང་ཚེས་༡༦་གཉིས་ལ་བོད་རང་སྐྱོང་ལྗོངས་རྒྱ་ནག་དམར་ཤོག་དང་བོད་དམག་ཁུལ་ཁང་གི་འགོ་གཙོ་ཝུའུ་དབྱིང་ཅེ་དང་ལྷོ་ཁ་གྲོང་ཁྱེར་གྱི་འགོ་གཙོ་ཞུས་ཁྲེང་ཚང་གཉིས་ལྷོ་ཁ་གྲོང་ཁྱེར། མཚོ་སྣ་རྫོང་དང་མཐའ་སྲུང་སྤྱི་བདེ་ལས་བྱེད་པ། དཔུང་སྡེའི་དཔོན་དམག་ལ་འཚམས་འདྲིར་བསྐྱོད་པའི་སྐབས་དེར་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ་སོགས་ཀྱི་གཏམ་བཤད་བྱས་ཤིང་། རི་གཤམ་དུ་བསྐྲུན་པའི་ལམ་ཕུག་ཤང་ཤ་འུག་གྲོང་ཚོ། ཀོང་རི་ཤང་སྲིན་མོའི་གྲོང་ཚོ་དང་མོན་པ་གྲོང་ཚོ་སོགས་གྲོང་ཚོ་ཁག་ལ་བསྐྱོད་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་འཕྲད་ཀྱིས་མཐའ་མཚམས་འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས། ལས་བྱེད་པ་དང་མང་ཚོགས་ཚོར་རྒྱལ་གཅེས་ཀྱི་འདུ་ཤེས་དང་ས་སྲུང་གི་འདུ་ཤེས་རྣམས་བརྟན་པོར་ཚུགས་ནས་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་ཁྱིམ་གཞིས་སྲུང་སྐྱོང་བྱ་དགོས་ཞེས་སྐུལ་ལྕག་བཏང་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
འབྲེལ་ཡོད།
རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་གཡིས་བོད་ལ་སླེབས་པ།
སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་བཅུ་པ་ཕར་འགྱངས།
XS
SM
MD
LG