ངོ་འཕྲད་བདེ་བའི་དྲ་འབྲེལ།

རྡ་སར་ཆུ་ལོག་བརྒྱུགས་ཀྱང་བོད་པ་ཚོར་གནོད་འཚེ་ཕོག་མེད་པ།


༄༅།། ཕྱི་ཟླ་༧་ཚེས་༡༡་གི་མཚན་མོར་བཞུགས་སྒར་རྡ་རམ་ས་ལར་ཆར་ཤུགས་དྲག་པོ་བབས་ཏེ་ཆུ་ལོག་བརྒྱུགས་ཀྱང་རྒྱལ་བའི་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས། དེ་བཞིན་རྡ་སའི་བོད་པ་གནས་ཡུལ་ཁག་ཏུ་གནོད་འཚེ་གང་ཡང་ཕོག་མེད་ཀྱང་མེག་ལོར་གྷ་ཇཱི་ནས་རྒྱང་ཁད་སྤྱི་ལེ་གཅིག་ཙམ་གྱི་མཚམས་སུ་ཆགས་པའི་བྷག་སུ་ནཱག་གི་ཕུགས་ལ་ཆར་སྤྲིན་འཁྲིགས་ནས་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་བྷག་སུའི་ཁྲོམ་གཞུང་གི་ཡུལ་སྐོར་བའི་རླངས་འཁོར་རྣམས་ཆུས་ཁྱེར་བ་དང་ལམ་ཆེན་འགགས་པ་སོགས་ཀྱི་བརྙན་ཐུང་རྣམས་དྲྭ་ལམ་དུ་ཐོན།།

ད་ཐེངས་ཀྱི་ཆུ་ལོག་ཁྲོད་དུ་ལམ་ཆེན་རྣམས་ཆུས་ཁེངས་ཡོད་པར་མ་ཟད། རླངས་འཁོར་ཆུས་ཁྱེར་པ་དང་མགྲོན་ཁང་གི་འོག་ཐོག་ཏུ་འདམ་རྙོག་བླུགས། མེག་ལོར་གྱི་རྫོང་དཔོན་ཨོམ་ཀར་སིང་ནཱ་རི་ཡ་ནི་བྷག་སུ་རང་གི་ཡུལ་མི་ཞིག་ཡིན་ཞིང་། ཁོང་གིས་ད་ལོ་དྲག་ཆར་དང་པོ་འདིས་ཆུ་རྐའི་ཆུ་ཡོངས་རྫོགས་ལམ་ཆེན་དུ་ལུག་ནས་ཡུལ་སྐོར་གྱི་ཚོང་དང་མགྲོན་ཁང་ཁ་ཤས་ཀྱི་ནང་དུ་ཆུ་ལོག་བརྒྱུགས་ནས་སྐྱོན་ཕོག་འདུག དེ་བཞིན་ཐུང་ཆུའི་སྦུབ་མདོང་བཅས་པ་ཆག་སྟེ་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག་ཅེས་ངོ་སྤྲོད་བྱས་འདུག ཀང་ར་རྫོང་ཁོངས་ཀྱི་ས་ཁུལ་གཞན་ཁག་ཅིག་ཏུའང་རྒྱུག་ཆུ་བྲུག་སྟེ་གཡས་གཡོན་གྱི་ཁང་པ་དང་ཚོང་ཁང་། དེ་བཞིན་ས་ཉིལ་ནས་ལམ་ཆེན་འགགས་པའི་གནས་ཚུལ་ཁ་ཤས་བྱུང་འདུག ཧི་མ་ཅལ་མངལ་ཁུལ་དུ་ཛ་དྲག་གི་ཆུ་ལོག་བརྒྱུགས་པར་སྲིད་བློན་མོ་དྷི་དང་ནང་སྲིད་བློན་ཆེན་ཨ་མཱི་ཏ་ཤཱ་གཉིས་ཀྱིས་ཊོས་ཊར་དྲྭ་ལམ་དུ་ཧི་མ་ཅལ་གྱི་གནད་དོན་ཐད་མངའ་སྡེའི་བློན་ཆེན་ཐ་ཁུར་གྱི་ལྷན་དུ་བརྟག་ཞིབ་བྱེད་ཀྱི་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG