ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱིས་ནད་རླབས་གསུམ་པར་སྔོན་འགོག་གྲ་སྒྲིག


༄༅།། བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་རྒྱ་གར་གྱི་མངའ་སྡེ་ཁག་དགུའི་ནང་དུ་ཉེན་ཚབས་ཆེ་བའི་ཏོག་དབྱིབས་ནད་དུག་རིགས་གསར་པ་འདི་ཁྱབ་ཀྱི་ཡོད་ཅིང་། བོད་པ་ཚོས་ལྷོད་ཡངས་མེད་པར་ཡིད་གཟབ་བྱ་དགོས་ཞེས་ནན་སྐུལ་ཞུས་ཡོད་པར་མ་ཟད། འདས་པའི་བདུན་ཕྲག་དེར་རྒྱ་བལ་གཉིས་སུ་བོད་པ་༥༢་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པ་དང་མི་གཅིག་འདས་གྲོངས་སུ་གྱུར་འདུག་ཅེས་བསྒྲགས། རྒྱ་གར་དབུས་གཞུང་གི་སྨན་པའི་ལྷན་ཚོགས་དང་ཉམས་ཞིབ་ལྟེ་གནས་ཁང་གིས་རྒྱ་གར་ལ་ཏོག་དབྱིབས་ནད་རླབས་གསུམ་པ་ཞིག་ཕྱི་ཟླ་༨་པའི་ནང་དུ་འཕྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པས་དབུས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་ནད་རླབས་གསུམ་པ་འཕྱུར་སྲིད་པར་སྔོན་འགོག་གི་གྲ་སྒྲིག་སྣ་མང་ཞིག་བྱེད་བཞིན་འདུག

ཨ་རི་དང་རྒྱ་གར་ནས་ཕེབས་པའི་བོད་པའི་སྨན་ཞབས་པའི་དང་བླངས་རུ་ཁག་གིས་ཏོག་དབྱིབས་ནད་དུག་གི་དཀའ་ངལ་མུ་མཐུད་དུ་འཕྲད་བཞིན་པའི་བོད་པའི་གཞིས་སྒར་ཁག་ཏུ་རོགས་རམ་དང་ནད་རླབས་གསུམ་པར་སྔོན་འགོག་ཆེད་དུ་ཉམས་མྱོང་སྤེལ་རེས། བོད་པའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག མཐོ་སློབ་ཁག་དང་སློབ་གྲྭ་སོགས་ལ་སྨན་བཅོས་ལག་རྩལ་ཁག་ཟབ་སྦྱོང་སྤྲོད་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་པའི་གསར་འགོད་པ་ཚོར་ཐུག་འཕྲད་ཀྱིས་བཀའ་ཤག་གིས་ནད་རླབས་གསུམ་པ་འགོག་ཐབས་སུ་རྒྱ་གར་དང་བལ་ཡུལ་དུ་གནས་འཁོད་བོད་ཕྲུག་ལོ་ན་༡༢་ནས་༡༨་བར་དུ་སོན་པ་ཚོའི་མིང་ཐོ་བསྡུ་རུབ། གལ་ཏེ་རྒྱ་གར་གཞུང་གིས་ལོ་ན་༡༢་ནས་༡༨་བར་གྱི་ལོ་ཆུང་ཚོར་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་བཀའ་འཁྲོལ་འཐོབ་ན་བཀའ་ཤག་གིས་ཐོ་གཞུང་གྲ་སྒྲིག་དང་སྨན་བཅོས་ཀྱི་ཡོ་བྱད་སོགས་ས་ཆ་ཁག་ལ་གསོག་ཉར། ཡོ་བྱད་དེ་རྣམས་དགོས་མཁོ་ནམ་བྱུང་ལ་མཁོ་སྤྲོད་བྱེད་ཐུབ་པ་བཟོས་ཡོད། དབུས་བོད་ཀྱི་སྨན་རྩིས་ཁང་གིས་བྱིས་པ་ཚོར་དམིགས་བསལ་གྱི་ལུས་སེམས་ནུས་གསོའི་སྨན་ཞིག་གྲ་སྒྲིག་ཞུས་ཡོད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG