ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

༧གོང་ས་མཆོག་དང་སྲིད་བློན་མོ་དྷཱི་རྣམ་གཉིས་མཇལ་འཕྲད་གནང་འཆར།


January 15, 2010.
January 15, 2010.

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཏོག་དབྱིབས་ནད་ཡབས་མཇུག་བསྒྲིལ་མཚམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་མི་དྷོ་རྣམ་གཉིས་མཇལ་མོལ་གནང་རྒྱུར་ཐུགས་རེ་གནང་གི་ཡོད་ཅེས་གསུངས་འདུག་པ་དང་། དེ་ཡང་ཏོབ་དབྱིབས་ནད་ཡམས་མཇུག་བསྒྲིལ་མཚམས་༧གོང་ས་མཆོག་དིལླིར་ཕེབས་ནས་སྲིད་བློན་མོ་དྷཱི་དང་མཇལ་འཕྲད་གནང་རྒྱུའི་དགོངས་བཞེད་ཡོད་པ་དང་། རྒྱ་གར་གཞུང་གི་ལས་བྱེད་ཚོས་དེའི་ཐོག་འཆར་གཞི་གང་འདྲ་འདུག་བབས་གཟིགས་གནང་རྒྱུ་རེད། སྲིད་སྐྱོང་གི་གནས་བབ་ནས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཆེ་ཁག་གི་མཐོ་རིམ་གཞུང་འབྲེལ་མི་དང་ཐུག་འཕྲད་ཞུས་ཏེ་བོད་མི་བཙན་བྱོལ་བའི་གནད་དོན་སྐོར་ལ་གོ་བསྡུར་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG