ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷན་སི་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པར་བསྐོ་འམ།


༄༅།། ཨ་མི་རི་ཀའི་གསར་ཁང་ཁག་གིས་ཕྱི་ཟླ་༤་པའི་ཚེས་༡༦་ཉིན་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་རིའི་ཕྱི་འབྲེལ་ལས་དོན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་ཕྱི་འབྲེལ་མི་སྣ་ཟུར་པ་ཎི་ཀོ་ལ་སི་བྷན་སི་རྒྱ་ནག་ཏུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པར་བསྐོ་བཞག་གནང་རྒྱུ་ཡིན་པའི་གླེང་སློང་བྱེད་ཀྱི་ཡོད་ཅིང་། གལ་སྲིད་ཁོང་བསྐོ་བཞག་གནང་ན་མཐའ་མའི་དབྱེ་ཞིབ་ཀྱི་དུས་སུ་བསླེབས་ཡོད་པས་སྲིད་འཛིན་བྷ་ཌན་གྱིས་གཟའ་འཁོར་ཁ་ཤས་ཀྱི་ནང་དུ་རྒྱ་ནག་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཚུད་པའི་གལ་ཆེའི་ཕྱི་འབྲེལ་མི་སྣ་ཁག་གི་མཚན་ཐོ་འདོན་རྒྱུ་ཡིན་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG