ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
བོད།
ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་ནད་པ་གསར་པ་གཉིས་ཐོན་འདུག
༠༨།༠༦།༢༠༢༠
ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་ནད་པ་གསར་པ་གཉིས་ཐོན་འདུག
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆགས་པའི་བོད་སྒར་བསམ་ཡས་གླིང་དུ་བོད་པ་གཉིས་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས། དེ་བཞིན་རྒྱ་གར་བྱང་ཤར་ཕྱོགས་སུ་ཆགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ཊུ་ཊིང་ས་གནས་སུ་བོད་པའི་སློབ་ཕྲུག་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་གནས་ཚུལ་ཐོན་འདུག ལྡི་ལིའི་ནད་པ་དེ་དག་ནི་བོད་སྒར་བསམ་ཡས་གླིང་དུ་གནས་སྡོད་བྱེད་མཁན་སྐྱེས་པ་ལོ་ན་༤༣་ལ་སོན་པ་ཞིག་དང་བུད་མེད་ལོ་ན་༦༠་རེ་གྲངས་སུ་སོན་ཞིག་ཡིན་ཞིང་། ཨ་རུ་ན་ཅལ་མངའ་སྡེའི་ནད་པ་དེ་བོད་ཕྲུག་ལོ་ན་༡༢་ལ་སོན་པ་ཞིག་ཡིན་འདུག
Embed
share
ལྡི་ལི་བསམ་ཡས་གླིང་ཟླ་གསུམ་ལ་སྒོ་བརྒྱབ་རྗེས་རིམ་པར་སྒོ་འབྱེད།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
width
px
height
px
The URL has been copied to your clipboard
No media source currently available
0:00
0:02:24
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
270p | 7.0MB
360p | 12.0MB
480p | 27.1MB
810p | 71.2MB
བསམ་ཡས་གླིང་བོད་སྒར་གྱི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་པ་ལྟར་ན། བསམ་ཡས་གླིང་གི་ནད་པ་དེ་དག་ཛ་དྲག་ཆེན་པོ་ཞིག་མིན་པས་རང་ཁྱིམ་དུ་ཟུར་འགོག་བྱེད་འགོ་ཚུགས། ད་ལྟའི་བར་དུ་ལྡི་ལིར་བོད་པ་༧་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་བ་དེ་དག་གི་གྲས་ཀྱི་མི་༣་བསམ་ཡས་གླིང་བོད་སྒོར་དུ་བྱུང་འདུག ཟླ་བ་འདིའི་ཕྱི་ཚེས་༢་ཉིན་བསམ་ཡས་གླིང་བོད་སྒར་དུ་ལོ་ན་༦༢་ལ་སོན་པའི་སྐྱེས་པ་ཞིག་ཏོག་དབྱིབས་ནད་དུག་གིས་འདས་གྲོངས་སུ་གྱུར་པ་དེར་འབྲེལ་བ་བྱུང་བའི་མི་ལྔ་ལ་བརྟག་དཔྱད་བྱས་ཟིན་ཡོད་ཀྱང་ད་དུང་ནད་རྟགས་ཡོད་མེད་ཀྱི་བརྟག་དཔྱད་གྲུབ་འབྲས་འབྱོར་མེད་ཅིང་། བོད་སྒར་བསམ་ཡས་གླིང་དུ་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་དུས་སྐབས་འདི་རྒྱ་གར་དབུས་གཞུང་དང་ས་གནས་གཞུང་གི་ཁྲིམས་ལུགས་ལྟར་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱེད་བཞིན་པའི་སྐབས་ཤིག་ཡིན་རུང་བམས་ཡས་གླིང་བོད་སྒར་གྱི་ས་འགོ་འཛིན་ལས་ཁུངས་ཀྱིས་བོད་པ་ཚོ་རང་ཁྱིམ་དུ་འཛུལ་ནས་སྤྱི་ཚོགས་རྒྱང་བཀྱེད་བྱ་དགོས། སྲང་ལམ་དང་ནད་པའི་ཁང་པ་སོགས་ལ་དུག་སེལ་བྱ་དགོས་ཞེས་ལམ་སྟོན་བྱེད་ཀྱི་ཡོད་པ་རེད།།
འདི་ཙམ་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཛ་དྲག་གི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་སྲིད་སྐྱོང་བློ་བཟང་སེངྒེས་བོད་པ་ཚོ་འགྲིམ་འགྲུལ་མ་བྱས་པར་རང་གནས་སུ་འདུག་དགོས་པའི་འབོད་སྐུལ་ཞུས་པ་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཨ་རུ་ན་ཅལ་མངའ་སྡེའི་ཊུ་ཊིང་ས་གནས་སུ་བོད་ཕྲུག་ལོ་ན་༡༢་ལ་སོན་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱས་འདུག ད་སྔ་རྒྱ་གར་རྒྱལ་ཡོངས་སུ་བོད་པ་༡༠་ལ་ཏོག་དབྱིབས་ནད་དུག་ཕོག་པ་དེའི་ནང་ནས་མི་༢་འདས་གྲོངས་སུ་གྱུར།།
ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཉིན་རེ་བཞིན་འཕར་གྱི་ཡོད་པ་སྟེ། དེ་རིང་ཕྱི་ཟླ་༦་པའི་ཚེས་༨་ཉིན་རྒྱལ་ས་ལྡི་ལིའི་ནད་པའི་གྲངས་འབོར་༢༧༠༠༠་ལྷག་བརྒལ། གཞུང་གི་སྨན་ཁང་ཁག་ཏུ་ནད་པར་ཉལ་ཁྲི་འདང་ངེས་མེད་པའི་དཀའ་ངལ་འཕྲད་བཞིན་པར་མ་ཟད། སྒེར་གྱི་སྨན་ཁང་འགའ་རེས་སྨན་བཅོས་བྱེད་པར་ཧིན་སྒོར་འབུམ་བཞི་ནས་འབུམ་བདུན་ཡས་མས་རེ་སྨན་ཡོན་ལེན་གྱི་ཡོད་པ་དེའི་ཐོག་ཏུ་ཉིན་རེར་ཧིན་ཁྲི་བཞི་ལྷག་འགྲོ་གྲོན་སྤྲོད་དགོས་ཐུག་གི་ཡོད་འདུག སྤྱིར་རྒྱ་གར་དབུས་གཞུང་གིས་དེ་རིང་ཕྱི་ཟླ་༦་ཚེས་༨་ནས་ཚོང་ཁང་ཆེ་ཁག་དང་གློག་བརྙན་ཁང་། ཟ་ཁང་སོགས་ཚོང་ལས་ཁག་ཅིག་བསྐྱར་དུ་སྒོ་འབྱེད་དུ་བཅུག་ནས་བཀག་སྡོམ་ཕྱིར་འཐེན་གྱི་རིམ་པ་དང་པོ་འགོ་ཚུགས་ཀྱང་ཁ་སང་གཟའ་ཉི་མའི་ཉིན་རྒྱ་གར་རྒྱལ་ཡོངས་སུ་༡༠༠༠༠་མ་ཟིན་ཙམ་ལ་ཏོག་དབྱིབས་ནད་དུག་འགོས། ད་ལྟའི་བར་དུ་རྒྱ་ནག་ལ་༢༥༠༠༠༠་ལྷག་ལ་ནད་མནར་བྱུང་བ་དང་ཉར་མཐར་ཡང་༧༡༣༥་ཏོག་ནད་དུག་གིས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་ནད་པ་གསར་པ་གཉིས་ཐོན་འདུག
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:22
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
བསམ་ཡས་གླིང་དུ་བོད་པ་ཞིག་ནད་དུག་གིས་འདས་གྲོངས།
བོད་པ་ཚོས་ཨ་རིའི་མི་རིགས་ནག་པོར་རྒྱབ་སྐྱོར་གྱི་ལས་འགུལ་འགོ་འཛུགས།
XS
SM
MD
LG