ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བསམ་ཡས་གླིང་དུ་བོད་པ་ཞིག་ནད་དུག་གིས་འདས་གྲོངས།


༄༅།། རྒྱ་གར་གྱི་རྒྱས་ལ་ལྡི་ལིའི་མ་ཇུང་ཊི་ལའམ། བོད་སྒར་བསམ་ཡས་གླིང་དུ་བོད་མི་སྐྱེས་པ་ལོ་ན་༦༢་ལ་སོན་པ་ཞིག་ལ་ཏོག་དབྱིབས་ནད་དུག་ཕོག་སྟེ་ཕྱི་ཟླ་༦་པའི་ཚེས་༢་ཉིན་འདས་གྲོངས་སུ་གྱུར་འདུག འདི་ནི་རྒྱ་གར་དུ་བོད་པ་ཞིག་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་མི་གཉིས་པ་དེ་ཡིན་ཞིང་། འདས་པོ་དེར་ཁྲག་ཤེད་དང་གཅིན་སྙིའི་ན་ཚ་ཡོད་པ་དང་ཉིན་ཤས་གོང་དུ་ཚ་བ་འཕར་ནས་ནད་རྟགས་ཐོན་འདུག ས་གནས་དེའི་རྒྱ་གར་གྱི་འཕྲོད་བསྟེན་ལས་མི་ཚོས་འདས་པོ་དེའི་ཁང་པར་དུག་སེལ་བྱེད་ཀྱི་ཡོད་པར་མ་ཟད། ཁོང་ལ་དངོས་སུ་འབྲེལ་བ་བྱུང་བའི་མི་༡༣་ཡོད་པ་རྣམས་རང་ཁྱིམ་དུ་ཟུར་འགོག་བྱེད་འགོ་ཚུགས་འདུག

ཕྱི་ཟླ་༥་ཚེས་༢༩་ཉིན་བསམ་ཡས་གླིང་དུ་ནད་པ་གཅིག་ཐོན་ཡོད་པ་དང་། ད་ཐེངས་སླར་ཡང་ནད་པ་གཅིག་ར་སྤྲོད་བྱུང་ཡོད་པས་འཛིན་སྐྱོང་གིས་ངོས་ནས་མང་ཚོགས་ལ་མི་རེ་ངོ་རེས་གཟབ་གཟབ་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་ཅིང་། སྤྱིར་ད་ལྟའི་བར་དུ་རྒྱ་གར་དུ་ཡོད་པའི་བོད་པ་བཙན་བྱོལ་བ་༧་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་དེའི་ནང་ནས་བོད་པ་གཉིས་འདས་གྲོངས་སུ་གྱུར། རྒྱལ་ས་ལྡི་ལིར་བོད་པ་༥་ལ་ནད་དུག་འགོས་ཡོད་པའི་སྐོར། ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG