ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་པ་ཚོས་ཨ་རིའི་མི་རིགས་ནག་པོར་རྒྱབ་སྐྱོར་གྱི་ལས་འགུལ་འགོ་འཛུགས།


༄༅།། ཉེ་ཆར་ཨ་རིའི་ཉེན་རྟོག་པའི་དོ་དམ་འོག་ཏུ་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་ཞེས་པའི་མི་རིགས་ནག་པོའི་སྐྱེས་པ་ཞིག་རྐྱེན་འདས་སུ་གྱུར་ནས་ཨ་རིའི་རྒྱལ་ཡོངས་སུ་ངོ་རྒོལ་གྱི་ལས་འགུལ་ཞིག་ལངས་ཡོད་ཅིང་། ད་ལྟ་ཨ་རིའི་བོད་པ་ཁག་ཅིག་གིས་འདས་པོ་དེར་གདུང་སེམས་མཉམ་བསྐྱེད་དང་མི་རིགས་ནག་པོའི་ཚེ་སྲོག་ལ་གཅེས་བརྩེ་བྱ་དགོས་ཞེས་རྒྱལ་སྤྱིའི་ཐོག་ཏུ་སྤེལ་བཞིན་པའི་ལས་འགུལ་དེར་མཉམ་ཞུགས་བྱེད་ཀྱི་ཡོད་པར་མ་ཟད། བོད་པ་དོན་གཉེར་བ་ཁག་ཅིག་གིས་མི་རིགས་ནག་པོའི་ཆེད་ཀྱི་བོད་པ་རྒྱབ་སྐྱོར་བ་ཞེས་ལས་འགུལ་ཚོགས་པ་ཞིག་ཀྱང་བཙུགས་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG