ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

བོད་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་འཐབ་རྩོད་མུ་མཐུད་དུ་བྱ་དགོས།


༄༅།། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་གཞུང་ཚབ་པ་སམ་བྷ་རོན་བྷཀ་དང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ཇཱིམ་མེཀ་གྷ་ཝྭན་རྣམ་གཉིས་ཀྱིས་མ་འོངས་པར་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཆོག་པའི་ཐོབ་ཐང་གཏན་ནས་མེད། རྒྱ་ནག་གཞུང་གིས་བོད་པ་ཚོའི་ཐོག་ཏུ་གདུག་རྩུབ་ཆེ་བའི་དྲག་གནོན་གི་སྲིད་ཇུས་ཤིག་ལག་བསྟར་བྱས་དང་བྱེད་བཞིན་པ་འགོག་ཐབས་སུ་བོད་པའི་ངོས་ནས་ཞུ་གཏུག་གི་ལས་འགུལ་ཁག་མུ་མཐུད་དུ་སྤེལ་དགོས་ཞེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་ལམ་དུ་བོད་དོན་གཏམ་གླེང་ཐད་གཏོང་གི་ལས་རིམ་གོ་སྒྲིག་བྱས་པ་དེའི་སྐབས་སུ་གསུངས་ཡོད་པའི་སྐོར། ནམ་མཁའ་བསྟན་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG