ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་དོན་ཐོག་ཏུ་ཨ་རྒྱའི་འཐབ་རྩོད་བར་དུ་ཚུད་པའི་བལ་ཡུལ།


༄༅། ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛ་ར་ཛི་ཡ་བལ་ཡུལ་དུ་ཕེབས་ནས་བོད་པ་བཙན་བྱོལ་བའི་གཞིས་སྒར་གཉིས་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད་ ཁོང་གིས་བལ་ཡུལ་གྱི་སྲིད་བློན་གཙོས་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་གནང་བའི་སྐབས་སུའང་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་གནས་སྟངས་གླེང་སློང་གནང་བས་རྒྱ་ནག་ལ་ཕོག་ཐུག་བྱུང་སྟེ་བལ་ཡུལ་ལ་རྣམ་འགྱུར་ལོག་པ་སྟོན་གྱི་ཡོད་པའི་སྐོར། ས་གནས་ཀྱི་གསར་ཤོག་དང་དེ་བཞིན་རྒྱལ་སྤྱིའི་གསར་ཤོག་བཅས་སུ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG