ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་གཞུང་གིས་བོད་པ་བཙན་བྱོལ་བ་གནས་ཡུལ་ཁག་ཏུ་དམ་དྲག


༄༅།། དེ་རིང་ཕྱི་ཟླ་༣་པའི་ཚེས་༡༠་སྟེ། བོད་མིའི་རང་དབང་སྒེར་ལངས་ཐེངས་༦༣་པའི་ཉིན་འདིར་བལ་ཡུལ་གཞུང་གིས་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་ནང་གི་བོད་པ་བཙན་བྱོལ་བ་གནས་སྡོད་བྱ་ཡུལ་ཁག་ཏུ་དམག་མི་འགྲེམ་འཇོག་བྱས་ནས་དམ་དྲག་ནན་པོ་བྱས་ཡོད་ཅིང་། དེར་བརྟེན་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོས་གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་དང་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཐུབ་མེད་ཀྱང་མྱ་ངན་གྱི་སྒོ་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་འདུག་པའི་སྐོར། བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG