ངོ་འཕྲད་བདེ་བའི་དྲ་འབྲེལ།

ལ་དྭགས་ཀྱི་བོད་པའི་རྒན་གསོ་ཁང་ཞིག་ཏུ་མི་༣༠་ལ་ནད་དུག་འགོས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལ་དྭགས་ཀྱི་བོད་པའི་རྒན་གསོ་ཁང་ཞིག་ཏུ་མི་༣༠་ལ་ནད་དུག་འགོས་པ།

༄༅།། ཉེ་ཆར་ལ་དྭགས་ཀྱི་བོད་ཁྱིམ་སློབ་གྲྭའི་རྒན་གསོ་ཁང་གི་ལས་བྱེད་པ་ཞིག་ས་གནས་དེའི་སྨན་ཁང་ཞིག་ཏུ་ནད་གཡོག་ལ་བསྐྱོད་པའི་སྐབས་སུ་ཏོག་དབྱིབས་ནད་དུག་འགོས་པ་མ་ཤེས་པར་རྒན་གསོ་ཁང་དེར་མུ་མཐུད་དུ་ལས་འགན་བསྒྲུབས། བདུན་ཕྲག་གཉིས་རྗེས་སུ་ལས་བྱེད་པ་དེ་བདེ་ཐང་མེད་པར་གྱུར་ཏེ་ངལ་གསོ་རྒྱག་བཞིན་པའི་དུས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ར་ཕྲོད། དེ་བརྟེན་ལས་བྱེད་པ་དེར་རྒྱུན་དུ་འབྲེལ་བ་ཡོད་པའི་རྒན་གསོ་ཁང་དེའི་རྒན་རྒོན་ཡོངས་རྫོགས་ལ་བརྟག་དཔྱད་བྱས་པས་རེས་གཟའ་ཟླ་བའི་ཉིན་མི་༡༡་དང་རེས་གཟའ་མིག་དམར་ཉིན་མི་༡༩་བཅས་ཁྱོན་བསྡོམས་རྒན་གསོ་ཁང་དེའི་རྒན་རྒོན་༣༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་རྩད་ཆོད་ཅིང་། འདི་ནི་ད་ལྟའི་བར་དུ་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཆེ་ཤོས་སུ་གྱུར་ཡོད་པར་མ་ཟད། ལ་དྭགས་ཀྱི་ས་གནས་ཤིག་ཏུ་ཟུར་འགོག་བྱེད་ཡོད་པའི་བོད་པ་གཞན་གཉིས་ལའང་ནད་དུག་འགོས་ཡོད་པས་ལ་དྭགས་ཁུལ་དུ་ཏོག་དབྱིབས་ནད་དུག་འགོས་པའི་བོད་པ་༣༢་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG