ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མ་ཞིག་གིས་རང་ཁྱིམ་དུ་འཛིན་གྲྭ་གསར་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མ་ཞིག་གིས་རང་ཁྱིམ་དུ་འཛིན་གྲྭ་གསར་འཛུགས།

༄༅།། ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་ལོ་འདིའི་ཕྱི་ཟླ་༣་པ་ནས་རྒྱ་གར་གྱི་སློབ་གྲྭ་ཁག་དང་སློབ་གྲྭའི་ཁོར་ཡུག ཤེས་ཡོན་སློབ་གསོ་བཅས་ལ་འབྲེལ་བ་ཡོད་པའི་བྱེད་སྒོ་ཁག་ཡོངས་སུ་སྒོ་བརྒྱབ་ཡོད་ཅིང་། དེར་བརྟེན་སློབ་ཕྲུག་གི་སྤྱི་ཡོངས་བསམ་བློའི་འཚར་ལོངས་སོགས་ལ་དོ་ཕོག་འགྲོ་བཞིན་ཡོད་པའི་སེམས་འཚབ་ཀྱིས་བཞུགས་སྒར་རྡ་སར་གནས་འཁོད་ཚེ་རིང་དབྱངས་འཛོམས་ལགས་ཀྱིས་རང་ཁྱིམ་དུ་སློབ་གྲྭ་ལྟ་བུའི་ཁོར་ཡུག་ཅིག་སྐྲུན་བཞིན་ཡོད་འདུག རྒྱ་གར་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་གར་གྱི་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་ཆ་ཚང་བྱས་ཏེ་ཤེས་ཡོན་གྱི་ལྟེ་གནས་ཁག་དང་སློབ་གྲྭ་རྣམས་བསྐྱར་དུ་སྒོ་འབྱེད་འཆར་ཡོད་མོད། འོན་ཀྱང་མཐའ་མའི་ཐག་བཅོད་ནི་མངའ་སྡེ་སོ་སོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཉེན་ཚབས་ཆེ་ཆུང་ལ་བལྟ་དགོས་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG