ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

སྲིད་བློན་མོ་དྷིས་རྒྱ་ནག་གི་ཚུར་རྒོལ་བྱུང་ན་རྒོལ་ལན་སློག་རྒྱུ་ཡིན་ཟེར།


༄༅།། གཟའ་འཁོར་འདིར་རྒྱ་དཀར་ནག་གཉིས་ཀྱི་ས་སྲུང་དམག་མི་རྣམས་ས་མཚམས་སུ་གདོང་ཐུག་དང་འཁྲུག་འཛིང་ཚབས་ཆེན་ཞིག་བྱུང་ཡོད་ཅིང་། རྒྱ་གར་གྱི་སྲིད་བློན་མོ་དྷིས་རེས་གཟའ་ལྷག་པའི་ཉིན་གསུང་བཤད་མདོར་བསྡུས་ཤིག་གནང་སྟེ། ཉེ་དུས་ཀྱི་འཁྲུག་འཛིང་དུས་སུ་རྐྱེན་ལམ་དུ་ཕྱིན་པའི་རྒྱ་གར་གྱི་དམག་མི་དེ་དག་གིས་རང་གི་ཚེ་སྲོག་བློས་གཏོང་བྱས་པ་རྣམས་ནམ་ཡང་སྟོང་ཟད་དུ་འགྲོ་མི་སྲིད། རྒྱ་གར་ནི་ཞི་བདེ་འདོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་རྒྱ་ནག་གིས་འཁྲུག་རྐྱེན་བསླངས་ན་རྒྱ་གར་ལ་རང་སྲུང་རྒོལ་ལན་སློག་རྒྱུའི་ནུས་པ་ཆ་ཚང་ལྡན་ཡོད་པས་རྒོལ་ལན་འོས་ཤིང་འཚམས་པ་ཞིག་སློག་མི་ཐུབ་པ་མེད་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།


XS
SM
MD
LG