ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འཁྱག་རོམ་བཞུས་ནས་བོད་ནང་གི་ཆུ་མཛོད་གསར་རྒྱག་ལ་ཉེན་ཚབས།


༄༅།། བོད་མཐོ་སྒང་གི་འཁྱག་རོམ་རྣམས་བཞུས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་ཕྱོགས་ཀོང་པོ་ཁུལ་དུ་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་ཤུགས་གློག་ཁང་ཆེན་པོ་ཞིག་གསར་རྒྱག་བྱ་འཆར་ཡོད་པའི་ལས་གཞིར་ཉེན་ཚབས་འབྱུང་སྲིད་ཅེས་རྒྱ་ནག་གི་ཚན་རིག་དང་ཁོར་ཡུག་ཉམས་ཞིབ་པ་བཅས་ཀྱིས་འགྲེལ་བརྗོད་བྱས་ཡོད་ཅིང་། གལ་ཏེ་ཆུ་མཛོད་ཆེན་པོ་དེ་གསར་རྒྱག་བྱེད་ན་བོད་དང་རྒྱ་གར་གཉིས་ཀར་དཀའ་ངལ་ཚབས་ཆེན་ཞིག་འཕྲད་རྒྱུ་རེད་ཅེས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཀྱང་གསུངས་ཡོད་པ་བཅས་ཀྱི་སྐོར། ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG