ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་ལ་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་བྱ་དགོས་ཟེར།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ནང་ཁུལ་གྱི་ཚོགས་འདུ་ཞིག་གི་ཐོག་ཏུ་ཞིན་ཅང་གི་ཡུ་གུར་བ་ཚོར་ཁ་བྲལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས། འཇིགས་སྐུལ་རིང་ལུགས་བཅས་ཀྱི་ཤན་ཞུགས་ཐེབས་ཀྱི་ཡོད་པར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་གནོན་བྱ་དགོས་ཞེས་བཀོད་ཁྱབ་བཏང་བའི་གསང་བའི་ཡིག་ཆ་ཤོག་གྲངས་༤༠༠་ལྷག་ཕྱི་ལ་འཁྱར་ནས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པའི་ལག་ཏུ་ཐེབས་ཡོད་ཅིང་། གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་དོན་དངོས་ལ་སྣང་མེད་བཏང་འདུག རྒྱ་ནག་གིས་ཞིན་ཅང་ཡུར་གུར་རང་སྐྱོང་ལྗོངས་སུ་དབུལ་ཕོངས་ཀྱི་དཀའ་སྡུག་སེལ་པ་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ། ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱས་ནས་གྲུབ་འབྲས་ཐོན་པ་རྣམས་བགྲངས་མི་འདུག་ཅེས་དགག་པ་བརྒྱབ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG