ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀརྨ་པས་དུད་འགྲོའི་བདེ་སྡུག་གཟིགས་སྐྱོང་གི་ལས་འཆར་དབུ་འབྱེད།


རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དེ་རིང་ཕྱི་ཚེས་༢༤་ཉིན་གནས་མཆོག་རྡོ་རྗེ་གདན་དུ་དུད་འགྲོའི་བདེ་སྡུག་ལ་དམིགས་པའི་གཟིགས་སྐྱོང་གི་ལས་འཆར་ཞིག་དབུ་འབྱེད་གནང་ཡོད་ཅིང་། ད་རེས་ཀྱི་མཛད་སྒོ་དེའི་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་དུད་འགྲོ་སེམས་ཅན་གྱི་ཐོབ་ཐང་རྩོད་ལེན་པ་ལྕམ་མཱ་ནི་ཀ་གན་དྷི་མཆོག་མགྲོན་འབོད་ཞུས་ཡོད་པའི་སྐོར། ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཀརྨ་པའི་དྲུང་ཆེ་ཟུར་པ་དང་བཀའ་རྒྱུད་སྨོན་ལམ་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་མགོན་་པོ་ཚེ་རིང་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG