ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཇཱི་མཱི་ཀར་ཌར་གྱི་སྙུང་གཞི་དང་༧གོང་ས་མཆོག་གི་ཐུགས་སྨོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཟུར་པ་ཇཱི་མཱི་ཀར་ཌར་ཁ་སང་རེ་གཟའ་ཟླ་བའི་ཕྱི་དྲོར་སྨན་ཁང་དུ་ཕེབས་དགོས་བྱུང་བ་དང་། དེ་རིང་གཟའ་མིག་དམར་གྱི་ཞོགས་པར་ཁོང་གི་ཀླད་པར་གཤག་བཅོས་བྱས་ཡོད་ཅིང་། ད་ལྟ་དགུང་ལོ་༩༥་ལ་ཕེབས་པའི་སྐུ་ཞབས་ཀར་ཌར་ནི་ཨ་རིའི་སྲིད་འཛིན་འཚོ་བཞུགས་ཡོད་པའི་གྲས་ཀྱི་ཚེ་ཐག་རིང་ཤོས་སུ་ཡིན་པ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསར་འགྱུར་དེ་གསན་མ་ཐག་ཏུ་འཕྲལ་མྱུར་འཚམས་འདྲིའི་ཕྱག་བྲིས་ཤིག་གནང་སྟེ་ཨ་རིའི་སྲིད་འཛིན་ཟུར་པ་ཇཱི་མཱི་ཀར་ཌར་གང་མགྱོགས་སྙུང་གཞི་དྲག་སྐྱེད་ཡོང་བའི་སྨོན་ལམ་ཡོད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG