ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ཉི་ཧོང་གིས་རྩེད་འགྲན་དོན་དུ་ནད་ཡམས་བཀག་རྒྱ་ལྷོད་ཡངས།


༄༅།། རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་བ་མང་ཆེ་ཤོས་ཤིག་གིས་ཕྱི་ཟླ་བདུན་པའི་ནང་དུ་ཉི་ཧོང་ལ་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་རྒྱུ་དེར་མོས་མཐུན་མེད་ཅིང་། ཉི་ཧོང་གི་འཕྲོད་བསྟེན་མཁས་པ་འགའ་ཤས་ཀྱིས་རྩེད་འགྲན་དེར་རྒྱབ་སྐྱོར་བྱེད་ཀྱི་མེད་པ་རེད། ཉེ་དུས་ཤིག་ནས་ཉི་ཧོང་ལ་ནད་པ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་ཉི་ཧོང་གི་མི་འབོར་བརྒྱ་ཆའི་༥་ཙམ་ལ་མ་གཏོགས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་མེད་པས་འཕྲོད་བསྟེན་མཁས་པ་འགའ་ཤས་ཀྱིས་རྩེད་འགྲན་འཚོགས་རྒྱུ་དེ་རྒྱུན་ལྡན་གྱི་བྱེད་སྒོ་ཞིག་མ་རེད་ཅེས་ཉེན་བརྡ་བཏང་འདུག འོན་ཀྱང་རེས་གཟའ་ཕུར་བུའི་ཉིན་ཉི་ཧོང་སྲིད་གཞུང་གིས་རྒྱལ་ས་ཀྲོག་ཁིའོ་ཚུད་པའི་རྫོང་དང་གྲོང་ཁྱེར་དགུའི་ནང་དུ་ནད་དུག་འགོག་སྲུང་གི་བཀག་རྒྱ་ཁག་རིམ་བཞིན་ལྷོད་ཡངས་གཏོང་འགོ་ཚུགས་ཏེ་རྒྱལ་ཡོངས་སུ་ལྟད་མོ་བ་མི་ཁྲི་གཅིག་ཙམ་འགྲན་ཚོགས་ར་བའི་ནང་དུ་ཡོང་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་པ་སོགས་ཀྱི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG