ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གིས་ཐེ་ཝན་ལ་སྨན་ཁབ་རོགས་རམ།


༄༅།། ཉི་ཧོང་གིས་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རོགས་རམ་སྤྲད་པར་སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེས་བསྔགས་བརྗོད་དང་ཁོང་གི་ཐེ་ཝན་ལ་རྒྱལ་ཁབ་ཅེས་མིང་འབོད་བྱས་ཡོད་ཅིང་། ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་ཐེ་ཝན་གཞུང་གིས་ས་མཚམས་བཀག་སྟེ་ཏོག་དབྱིབས་ནད་དུག་སྔོན་འགོག་ནན་པོ་བྱས་ཐུབ་ཡོད་མོད། ཉེ་དུས་ཤིག་ནས་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG