ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་བ་༦༡༤༨་ནད་དུག་གིས་འཆི་སྐྱོན་བྱུང་འདུག


༄༅།། གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་འཕྲོད་བསྟོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་རྒྱ་གར་བ་༦༡༤༨་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་ཡོད་ཅིང་། འདི་ནི་འཛམ་གླིང་འདིར་ཉི་མ་གཅིག་ལ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཆེས་མང་ཤོས་སུ་གྱུར་ཡོད་པ་རེད། རྒྱ་གར་ཤར་ཕྱོགས་ཀྱི་བྷི་ཧར་མངའ་སྡེས་མི་མང་རྣམས་རང་ཁྱིམ་དང་སྒེར་གྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་ཡང་སྤྱི་ཡོངས་ཀྱི་གྲངས་འབོར་ཁོངས་སུ་མ་ཚུད་པ་རྣམས་ཁ་སྣོན་བྱས་ནས་རྒྱ་གར་ལ་ནད་དུག་གི་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG