ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་ལ་ནད་དུ་འགོ་མཁན་ཧ་ཅང་ཉུང་དུ་འགྲོ་བཞིན་པ།


༄༅།། རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་ཧ་ཅང་ཉུང་དུ་འགྲོ་བཞིན་པར་སྨན་པ་མཁས་པ་རྣམས་མགོ་འཐོམས་པ་དང་དགའ་དགོས་པ་ཞིག་ཏུ་གྱུར་ཡོད་ཅིང་། ཐོག་མར་ནད་དུག་ཁྱབ་གདལ་གྱི་ངར་སྒང་དེར་རྒྱ་གར་ནི་ཨ་མི་རི་ཀ་ལས་ཀྱང་ཚབས་ཆེ་བ་ཞིག་ཏུ་གྱུར་ཀྱང་སྔ་ལོའི་ཕྱི་ཟླ་༩་པ་ནས་བཟུང་སྟེ་རྒྱ་གར་ལ་ནད་དུག་འགོ་མཁན་ཉུང་དུ་སོང་། ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་ཉིན་རེར་ནད་དུག་འགོས་པའི་མིའི་གྲངས་འབོར་ཁྲི་ཚོ་གཅིག་ཡས་མས་རེ་ལས་འཐོན་གྱི་མེད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG