ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་གར་དུ་ཁྱོན་བསྡོམས་མི་བྱེ་བ་༢་ལ་ཏོག་དབྱིབས་ནད་དུག་འགོས་པ།


༄༅།། དེ་རིང་གཟའ་ཟླ་བའི་ཉིན་མོ་ནི་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་མུ་མཐུད་དུ་འཕར་སྣོན་ཕྱིན་པའི་ཉིན་བཅུ་གཉིས་པ་དེ་ཡིན་ཞིང་། འདས་པའི་ཉིན་ཞག་གཅིག་གི་རིང་དུ་རྒྱ་གར་བ་༣༦༨༠༠༠་ལྷག་ལ་ནད་དུག་འགོས་པ་དང་མི་༣༤༡༧་ལ་འཆི་སྐྱོན་ཕོག ད་ལྟའི་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་བྱེ་བ་༢་ཟིན་གྱི་ཡོད་པར་མ་ཟད། མི་འབུམ་༢་ལྷག་ལ་འཆི་སྐྱོན་བྱུང་ཡོད་པའི་སྐོར། རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG