ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༣/༡༢/༠༣

གཟའ་ཕུར་བུའི་ཉིན་རྒྱ་གར་བ་འབུམ་༣་ལྷག་ལ་ནད་དུག་འགོས་པ།


༄༅།། རྒྱ་གར་ལ་ཉི་ཞག་གཅིག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་འབུམ་༣་ལྷག་བརྒལ་ཡོད་ཅིང་། འདི་ནི་ད་ལྟའི་བར་དུ་འཛམ་གླིང་འདིར་ཉིན་རེའི་གྲངས་འབོར་ཆེས་མཐོ་ཤོས་སུ་གྱུར། རྒྱ་གར་གྱི་འཕྲོད་བསྟེན་མི་སྣ་ཁག་གིས་ལོ་འདིའི་མགོ་སྟོད་དུ་རྒྱ་གར་ལ་ནད་ཡམས་སྔོན་འགོག་གང་འཚམ་ཞིག་བྱས་ཐུབ་ཡོད་ཀྱང་ཉེ་དུས་ཤིག་ནས་ནད་དུག་འགོག་སྲུང་ལ་དོགས་ཟོན་མེད་པར་ལྷོད་ཡངས་བཏང་སྟེ་བསྐྱར་དུ་ནད་ཡམས་ཐེངས་གཉིས་པ་ཁྱབ་ཀྱི་ཡོད་པའི་ངོས་འཛིན་གནང་གི་ཡོད་པའི་སྐོར། བུ་ནོར་བསམ་འཕེལ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG