ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

རྒྱ་གར་ལ་ནད་དུག་ཁྱབ་གདལ་ཆེས་ཚབས་ཆེན་དུ་འགྱུར་བཞིན་པ།


༄༅། དེང་སྐབས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་བཞིན་ཡོད་པ་ནི་ཆེས་ཚབས་ཆེན་དང་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་ཅིང་། འདས་པའི་ཉིན་ཞག་གཅིག་ལ་རྒྱ་གར་རྒྱལ་ཡོངས་སུ་མི་འབུམ་༣་མ་ཟིན་ཙམ་ལ་ནད་དུག་འགོས་པ་དང་མི་༢་སྟོང་ལྷག་ལ་འཆི་སྐྱོན་བྱུང་ཡོད་པར་མ་ཟད། རྒྱ་གར་གྱི་སྨན་ཁང་ཁག་ཏུ་ནད་པར་བལྟ་མི་ཐུབ་པ་དང་ནད་པ་བསྙལ་ས་མེད་པ། དབུགས་གཏོང་འཕྲུལ་ཆས་དང་འཚོ་རླུང་སོགས་འདང་ངེས་མེད་པར་གྱུར་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG