ངོ་འཕྲད་བདེ་བའི་དྲ་འབྲེལ།

འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་གཉིས་འོས་འདེམས།


༄༅།། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཇོར་ཇཱི་ཡ་མངའ་སྡེའི་འཐུས་མི་གཉིས་དེ་རིང་རེས་གཟའ་མིག་དམར་ཉིན་འོས་འདེམས་བྱེད་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་འོས་བསྡུ་འདིས་སྲིད་དོན་ཚོགས་པ་གཉིས་ལ་སྲིད་དབང་ཆ་མཉམ་ཞིག་འཐོབ་རྒྱུ་ཡིན་མིན་ལ་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་དང་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གཉིས་ཀས་རེས་གཟའ་ཟླ་བའི་ཉིན་འཇོར་ཇཱི་ཡའི་མི་དམངས་ལ་འོས་ཤོག་འཕེན་དགོས་པའི་སྐུལ་སློང་དང་འོས་མི་སོ་སོར་རྒྱབ་སྐྱོར། ཇཱོ་བྷ་ཌན་གྱིས་འཇོར་ཇཱི་ཡའི་འོས་བསྡུར་བརྟེན་ནས་དུས་སྐབས་གསར་པ་ཞིག་འགོ་ཚུགས་ཐབས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG