ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་སུ་འོས་བསྡུའི་གྲུབ་འབྲས་ལ་རྩོད་གླེང་འབྱུང་རྒྱུ།


༄༅།། སང་ཉིན་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་མངའ་སྡེ་ཁག་གིས་འོས་འདེམས་ཀྱི་གྲུབ་འབྲས་ཐག་གཅོད་བྱུང་བ་དེ་དག་ལ་མཐའ་མའི་ངེས་གཏན་བྱེད་ཀྱི་ཡོད་ཅིང་། འཛིན་ཊམ་གྱིས་འོས་བསྡུ་དྲང་པོ་བྱུང་མ་སོང་། འོས་འདེམས་ཀྱི་གྲུབ་འབྲས་ལ་བསྐྱར་ཞིབ་བྱ་དགོས་གསུངས་ཡོད་པར་སྤྱི་འཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཧ་ཅང་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། གྲོས་ཚོགས་གོང་འོག་གཉིས་ཀས་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་ཁག་ངེས་གཏན་བྱེད་པའི་དུས་སུ་རྩོད་གླེང་ཆེན་པོ་ཞིག་ཡོང་རྒྱུ་ཡིན་མོད། འོན་ཀྱང་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་༤༦་པར་འདེམས་ཐོན་བྱུང་ཡོད་པར་འགྱུར་བ་གང་ཡང་ཐེབས་ཐུབ་རྒྱུ་མིན་པའི་སྐོར། གསར་འགྱུར་རྒྱུད་ལམ་ཁག་ལ་ཐོན་པའི་གནས་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG