ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིར་ཏོག་དབྱིབས་ནད་དུག་གི་ནད་པ་མང་དུ་འགྲོ་བཞིན་པ།


༄༅།། ཨ་མི་རི་ཀའི་འཕྲོད་བསྟེན་གྱི་དཔོན་རིགས་ཚོས་རེས་གཟའ་ཉི་མའི་ཉིན་ཡུལ་འདིའི་ས་ཁུལ་གང་སར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ཏེ་སྨན་ཁང་ཁག་ཏུ་ནད་པས་ཁེངས་ཡོད་པའི་སྐབས་འདིར་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དང་ཕྱི་ལོ་གསར་པའི་གུང་སང་དུས་སུ་བཟའ་མི་དང་སྤུན་མཆེད་སོགས་ལ་ཐུག་འཕྲད་ཀྱི་འདུ་འཛོམ་བྱུང་སྟེ་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་མང་དུ་འགྲོ་ཉེན་འདུག་ཅེས་གསུངས་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG