ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གཞོན་ནུ་ལྷན་ཚོགས་ཀྱིས་སླར་ཡང་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་པ་བཙན་བྱོལ་བ་ཚོས་དེ་རིང་ཕྱི་ཚེས་༡༢་ཉིན་བོད་ཀྱི་བེུད་སྒེར་ལངས་ཐེངས་༦༡་པ་སྲུང་བརྩི་ཞུས་པའི་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སླར་ཡང་ཚོར་ཤུགས་དྲག་པོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་བོད་ལ་རང་དབང་དགོས། བོད་རང་བཙན་གཙང་མ་ཡིན་ཞེས་འབོད་ཚིག་བསྒྲགས་སོང་། རྒྱ་ནག་གཞུང་ཚབ་ཁང་དུ་བསྐྱོད་སའི་གཞུང་ལམ་ཆེན་པོ་དེའི་གཡས་གཡོན་གཉིས་སུ་ལྕགས་རི་དམ་པོ་བསྐོར་འདུག་པར་མ་ཟད། ཁ་སྔོན་གསུམ་བཅུའི་དུས་དྲན་སྐབས་ལས་ཀྱང་དེ་རིང་རྒྱ་གར་གཞུང་གིས་ཉེན་རྟོག་པ་དང་དམག་མི་མང་བ་འགྲེམ་འཇོག་བྱས་འདུག དེ་རིང་གི་ལས་འགུལ་ལ་གཞོན་ནུ་ཚོགས་པའི་ཚོགས་མི་༢༠་ཐམ་པ་མཉམ་ཞུགས་ཀྱིས་ཉིན་གུང་ཚོུད་༡༢་ཙམ་ལ་ལས་འགུལ་བ་རྣམས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འབྱོར་ནས་རྒོལ་མཆོང་བྱ་ཐབས་བྱས་ཀྱང་ཉེན་རྟོག་པས་དུས་ཡུན་སྐར་མ་༡༥་ཡས་མས་ཤིག་གི་ནང་དུ་བོད་པ་ངོ་རྒོལ་བ་རྣམས་འཛིན་བཟུང་བྱས་སོང་། ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་གཅིག་ནི་བསྟན་འཛིན་བདེ་སྐྱོང་ཡིན་ཞིང་། ཁོ་པ་ལྡི་ལི་མཐོ་སློབ་འགྲིམས་ནས་ལོ་བཞི་ཕྱིན་འདུག་པ་དང་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱེད་པའི་སྐབས་སུ་རྟག་ཏུ་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་ཞིག་རེད། ད་ལྟའི་བར་དུ་ཁོ་པ་འཛིན་བྱས་ནས་རྒྱ་གར་གྱི་ས་གནས་ཁག་གི་བཙོན་ཁང་ཁག་ལ་ཐེངས་༡༥་ཙམ་བཅུག་མྱོང་ཡོད་ཅིང་། ཁོང་གིས་མཐོ་སློབ་ཀྱི་འཛིན་གྲྭ་བཞག་ནས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱ་རྒྱུ་ནི་ལོ་གཅིག་ལ་ཐེངས་ཁ་ཤས་ལས་མེད་པའི་ལས་འགུལ་ཞིག་ཡིན་སྟབས་སློབ་སྦྱོང་ལ་འཐུས་ཤོར་འགྲོ་དོན་མེད་ཅེས་གསུངས་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ལས་འགུལ་བ་རྣམས་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འགྲེམ་དུ་ཡོད་པའི་མན་དིར་མྲག་བཙོན་ཁང་དུ་བཅུག་ནས་དུས་ཡུན་ཚོུད་༥་ཙམ་ལ་བཀག་ཉར་བྱས་པའི་རྗེས་སུ་ཕྱི་དྲོར་གློད་བཀྲོལ་བཏང་ཡོད་པའི་སྐོར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནང་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG