ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་དུ་བེུད་སྒེར་ལངས་ཐེངས་༦༡་པ་སྲུང་བརྩི།


༄༅།། ལོ་དྲུག་༦༡་གོང་དུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོས་ལྷ་སར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཏུ་བསྐྱོད་ནས་བོད་ཀྱི་རང་དབང་རང་བཙན་རྒྱ་ནག་གིས་བཙན་འཕྲོག་བྱེད་བཞིན་པར་དཔང་པོ་བྱ་དགོས། ཕྱིའི་རྒྱལ་ཁབ་ཁག་གིས་བོད་ལ་རོགས་སྐྱོར་གནང་དགོས་ཞེས་འབོད་སྐུལ་ཞུས་པ་དང་བོད་ཀྱི་རང་དབང་སྲུང་སྐྱོབ་ཆེད་དུ་རང་སྲོག་བློས་གཏོང་གིས་བོད་མི་རིགས་ཀྱི་འཐབ་རྩོད་ལས་འགུལ་ལ་བུད་མེད་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་མཉམ་བཞུགས་བྱས་པས་བོད་ཀྱི་ལོ་རྒྱུས་སུ་བུད་མེད་སྒེར་ལངས་དང་བུད་མེད་ཀྱི་འཐབ་རྩོད་བྱས་པའི་ལེའུ་གསར་པ་ཞིག་སྒོ་ཕྱེས་ཡོད་ཅིང་། དེར་བརྟེན་ལོ་ལྟར་བཙན་བྱོལ་སྤྱི་ཚོགས་སུ་གསུམ་པའི་བཅུ་གཉིས་ཀྱི་ཉིན་མོར་བུད་མེད་ཀྱི་མཛད་རྗེས་ལ་རྗེས་དྲན་དང་མི་རབས་སྔོན་མའི་མཛད་རྗེས་ནས་སྙིང་སྟོབས་འཕེལ་ཐབས་བྱེད་པའི་དུས་ཚིགས་ཏུ་གྱུར་ཡོད། ཡིན་ནའང་ད་ལོ་བཞུགས་སྒར་ཁུལ་དུ་བུད་མེད་གྱེར་ལངས་ཀྱི་ཉིན་མོར་དབུས་དང་ས་གནས་གཉིས་ཀྱི་བེུད་ལྷན་ཚོགས་ཀྱིས་བསང་གསོལ་ཞིག་བྱས་ནས་ལས་འགུལ་སྟབས་བདེ་ཞིག་ལས་སྲུང་བརྩི་ཞུས་མེད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG