ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧྥ་རན་སིའི་གྲོས་ཚོགས་འཐུས་ཚོ་བོད་ཀྱི་དོན་གཅོད་ཁང་དུ་ཕེབས་པ།


༄༅།། ཟླ་བ་འདིའི་ཕྱི་ཚེས་༢་ཉིན་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་ཚོགས་ཆུང་ཞིག་རྒྱལ་ས་ཕེ་རི་སིར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་ཏེ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་དང་མཇལ་མོལ་གནང་ཡོད་ཅིང་། སྐབས་དེར་ཡུ་རོབ་ཀྱི་གྲོང་རྡལ་མང་པོ་ཞིག་གིས་བོད་ནང་གི་གྲོང་ཁྱེར་དང་གྲོང་གསེབ་མང་པོ་ཞིག་ལ་སྤུན་གྲོགས་གྲོང་རྡལ་གྱི་འབྲེལ་བ་འཛུགས་རྒྱུའི་དཔེ་དེབ་ཅིག་ཀྱང་དབུ་འབྱེད་བྱས་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG