ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་གར་གྱི་ལངས་ཕྱོགས།


༄༅། དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་མི་རི་ཀ་དང་ཁེ་ན་ཌར་འཚམས་གཟིགས་སུ་ཕེབས་ནས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་གནད་ཡོད་གྲོས་ཚོགས་འཐུས་མི་རྣམས་དང་སྲིད་གཞུང་གི་ལས་སྣེ་ཁག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་འགོ་ཁྲིད་ཚོར་མཇལ་འཕྲད་གྲོས་མོལ་བྱེད་བཞིན་ཡོད་ཅིང་། ཟླ་བ་འདིའི་ཕྱི་༤་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མ་འོངས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་གར་གཞུང་གིས་དུས་ལ་གཞིགས་ཏེ་ལངས་ཕྱོགས་ཡང་དག་པ་ཞིག་འཛིན་རྒྱུའི་ཡིད་ཆེས་ཆ་ཚང་ཡོད་ཅེས་གསུངས་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG