ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འགྲོ་འོང་བཀག་སྡོམ་གྱིས་རྡ་སའི་ཚོང་ལས་ལ་གྱོང་གུད།


༄༅།། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེར་ཏོག་དབྱིབས་ནད་རླབས་གཉིས་པ་ཁྱབ་པ་འཇོམས་ཀྱི་ཡོད་ཅིང་། ཧི་མ་ཅལ་མངའ་སྡེའི་གཞུང་གིས་འགྲོ་འོང་བཀའ་སྡོམ་གྱི་བཀའ་རྒྱ་ཁག་ཀྱང་ཕྱིར་འཐེན་བྱས་ནས་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ཇེ་མང་དུ་སོང་། ལོ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་ཚོང་ལས་ཡག་ཤོས་ཀྱི་དུས་ཚོད་ནི་སྤྱི་ཟླ་༤་པ་ནས་༦་པའི་ཟླ་མཇུག་བར་དུ་ཡིན་མོད། འོན་ཀྱང་ལོ་གཉིས་བསྟུད་མར་ཏོག་དབྱིབས་ནད་དུག་གིས་ཚོང་ལས་ཀྱི་དུས་ཚོད་བཟང་ཤོས་དེ་དག་མེད་པར་གྱུར། ད་ལྟ་ཚོང་པ་མང་དག་ཅིག་ལ་ཚོང་ལས་ཀྱི་གྱོང་གུད་ཕོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པར་མ་ཟད། ཧི་མ་ཅལ་མངའ་སྡེ་གཞུང་གི་༢༠༢༠་ལོའི་དཔལ་འབྱོར་སྙན་ཐོར་ཏོག་དབྱིབས་ནད་དུག་གིས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཡོང་འབབ་རྒྱ་ཆ་༨༡་དང་གྲངས་ཆུང་༣༣་ཉུང་དུ་ཕྱིན་འདུག་ཅེས་བཀོད།།

ཉི་མ་བཀྲ་ཤིས་ནི་བཞུགས་སྒར་རྡ་རམ་སའི་བོད་པའི་ཟ་ཁང་དང་མགྲོན་ཁང་ཚོགས་པའི་ཚོགས་གཞོན་ཡིན་ཞིང་། ཁོང་གིས་ནད་དུག་དེའི་རྐྱེན་གྱིས་ལོ་གཉིས་བསྟུན་མར་ཟ་ཁང་དང་མགྲོན་ཁང་རྣམས་སྒོ་རྒྱག་དགོས་བྱུང་སོང་། བོད་པའི་ཚོང་པ་མང་པོ་ཞིག་གིས་ཁང་གླ་སྤྲོད་མ་ཐུབ་པར་དཀའ་ངལ་འཕྲད་ཀྱི་འདུག ད་ལོའི་ཚོགས་པའི་ཚོགས་དངུལ་ཀྱང་འབུལ་མི་ཐུབ་པའི་ཚད་དེར་ལྷུང་གི་འདུག་ཅེས་འགྲེལ་བཤད་བརྒྱབ་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG