ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༠༨/༡༢

ས་རཱ་མཐོ་སློབ་ཀྱི་སློབ་ཕྲུག་ནད་པ་ཞིག་གི་ཉམས་མྱོང་།


༄༅།། བཞུགས་སྒར་རྡ་ས་ལའི་ཉེ་འདེབས་སུ་ཆགས་པའི་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཏེ་མི་༡༠༥་ལ་ནད་དུག་འགོས་ཡོད་ཅིང་། ཟླ་བ་འདིའི་ཚེས་༡༤་ཉིན་ས་རཱ་མཐོ་སློབ་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འདོད་མེད་པའི་མི་བཞི་མ་གཏོགས་གཞན་ལོ་ན་༡༨་ཡན་ཆད་ཀྱི་དགེ་སློབ་ཡོངས་ལ་སྔོན་འགོག་སྨན་བརྒྱབ་འདུག

ནད་པ་ཛ་དྲག་མིན་པ་ཚོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཀྱིས་མཐུན་འགྱུར་རོགས་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག དེང་སྐབས་རྒྱ་གར་རྒྱལ་ཡོངས་དང་ཧི་མ་ཅལ་མངའ་སྡེ་སོགས་ལ་ཏོག་དབྱིབས་ནད་རླབས་ཐེངས་གཉིས་པ་ཁྱབ་པའི་ནད་པ་ཇེ་ཉུང་དུ་སོང་སྟེ་སྨན་ཁང་ཁག་ཏུ་ཉལ་ས་དང་འཚོ་རླུང་རྣམས་བདེ་བླག་ཏུ་ཐོབ། ས་རཱ་མཐོ་སློབ་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསུམ་ལ་རྒྱ་གར་གཞུང་གི་ཊན་ཌ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པར་མ་ཟད། བསྟན་འཛིན་ཞེས་པའི་སློབ་ཕྲུག་ནད་པ་ཅིག་གིས་གསར་འགོད་པར་སྨན་ཁང་དུ་མཐུན་རྐྱེན་ཡག་པོ་འདུག ཡིན་ནའང་སྨན་པ་སོགས་ཀྱིས་དུས་རྒྱུན་དང་མི་འདྲ་བར་འཇིགས་སྣང་གི་སྒོ་ནས་རང་སྲུང་ཆས་གོས་གྱོན་ནས་ནད་པར་བརྟག་དཔྱད་བྱེད་ཀྱི་འདུག ང་ལ་ནད་པ་དང་སྨན་པའི་བར་དུ་སྟོང་ཆ་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་ཞིག་བྱུང་སོང་ཞེས་རང་གི་ཉམས་མྱོང་རྣམས་བཤད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་རྡ་རམ་ས་ལ་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

Sarah college for Higher Tibetan Studies Covid positive cases
please wait

No media source currently available

0:00 0:05:00 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG