ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གྲོགས་ཚོགས་ཀྱི་ཚོགས་གཙོས་༧གོང་ས་མཆོག་ལ་འཚམས་འདྲི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག


ངས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ངོས་ནས་འཐུས་མི་ཚོའི་ཚབ་ཞུས་ཏེ་བོད་མི་དམངས་དང་རྒྱ་ཆེ་བའི་བོད་ཀྱི་གྲོགས་པོ་ཚོར་མཉམ་འབྲེལ་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་ལ་སྤྲོ་སེམས་རབ་ཏུ་ཁོལ་བའི་འཚམས་འདྲི་ཞུ་རྒྱུ་བྱུང་བ་ནི་གཟི་བསོད་ཅིག་རེད། འཁྲུངས་སྐར་ནི་༧གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་རེ་བ་དང་ཆོས་ཕྱོགས་ཀྱི་ལམ་སྟོན་གནང་བའི་མཛད་འཕྲིན་ཁག་ལ་དགའ་སྟོན་བྱེད་པའི་གོ་སྐབས་མཆོག་ཏུ་གྱུར་པ་ཞིག་རེད། འདི་ནི་ཞི་བདེར་དགའ་བའི་མི་དམངས་ཚང་མར་བོད་མི་དམངས་ལ་རང་གི་ཆོས་དད་ཉམས་ལེན་དང་སྐད་ཡིག་སྨྲ་བརྗོད། པེ་ཅིང་གིས་ཐེ་ཇུས་དང་འཇིགས་སྐུལ་མེད་པར་བོད་པ་ཚོར་རང་གི་རིག་གཞུང་རྒྱུན་འཁྱོངས་བྱེད་དུ་འཇུག་པའི་ལས་འགན་བསྒྲུབ་རྒྱུ་དེར་བསྐྱར་དུ་དམ་བཅའ་འཇོག་པའི་གོ་སྐབས་ཤིག་ཀྱང་རེད། དེས་ན་ཨ་མི་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀ་དང་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱ་ནག་ལ་འགན་འཁྲི་ལེན་དུ་འཇུག་རྒྱུའི་འཐབ་རྩོད། ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི་ཚུད་པའི་བོད་མི་དམངས་ལ་རྒྱབ་སྐྱོར་བྱས་ནས་ཁྲིམས་ལ་གྱུར་ཡོད། ང་ཚོས་མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། ངས་རྟག་ཏུ་ཕྱིར་དྲན་བྱེད་ཀྱི་ཡོད་པ་སྟེ། ངས་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་ཁྲིད་ནས་བཞུགས་སྒར་རྡ་རམ་ས་ལར་བཅར་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྣེ་ལེན་ཐོབ། ང་ཚོར་དངོས་སུ་བོད་མི་དམངས་ཀྱི་མངོན་འདོད་མཐོང་བའི་གོ་སྐབས་ཐོབ་ཅིང་། ལྷག་པར་དུ་ང་ཚོར་ཐུག་པའི་བོད་ཕྲུག་ཚོའི་མིག་མདངས་ལས་བོད་པའི་མངོན་འདོད་མཐོང་སྟེ་དགའ་ཚོར་བྱུང་བར་མ་ཟད། ད་དུང་ངས་སྲིད་འཛིན་བྷུ་ཤཱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ཕུལ་བ་དྲན་གྱི་ཡོད་པ་རྣམས་དེ་རིང་གི་སྐལ་བཟང་ཉིན་མོ་འདིར་ཕྱིར་དྲན་བྱེད་ཀྱིན་ཡོད། བོད་མི་དམངས་དང་བོད་པའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་པར་ང་ཚོའི་མི་དམངས་དང་འགོ་ཁྲིད་ཚོས་མུ་མཐུད་དུ་ནུས་པ་མཉམ་སྤུངས་དང་རླབས་ཆེན་གྱི་ཞི་བདེའི་ལས་དོན་འདི་ཡར་རྒྱས་གཏོང་གི་ཡོད། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱིས་བོད་པ་དང་འཛམ་གླིང་ཡོངས་ལ་བདེ་སྐྱིད་དང་བདེ་ཐང་། བདེ་འཇགས་བཅས་འཐོབ་པའི་སྨོན་འདུན་ཞུ། བཀའ་དྲིན་ཆེ།།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི། ༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུང་སྐར་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཕེ་རི་སི་ཡིས་དེ་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་ང་ཚོས་འཚམས་འདྲི་ཞུ་རྒྱུ་ཡིན། མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་དང་བྱམས་བརྩེ་ནི་ང་ཚོ་ཚང་མར་སེམས་སྐུལ་གྱི་འབྱུང་རྩ་ཞིག་ཏུ་གྱུར་ཡོད་ཅིང་། ༧གོང་ས་མཆོག་གིས་གོ་ལའི་ཁྱོན་དུ་གནས་འཁོད་བོད་པ་དང་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ཀྱི་དོན་དུ་ཞི་བདེ་དང་བྱམས་བརྩེ། འདྲ་མཉམ་དང་འགྲོ་བ་མིའི་ཆེ་མཐོང་གི་ཐུགས་བསྐྱེད་མཛད་འཕྲིན་སྐྱོང་བཞིན་པར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་དང་ང་ཚོ་ཚང་མས་༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བཞུགས་པའི་སྨོན་འདུག་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

XS
SM
MD
LG